1 ༡༽ དེ་ལས་ཡི་ཤུ་ཁོ་རའི་གཡུས་ལུ་ འབྱོན་ད་ ཁོ་གི་སློབ་མ་ཚུ་ཡང་ཁོ་དང་ཉམས་འབྱོན་ནུག། 2 ༢༽ སེ་བཱཐ་གི་ཉིནམ་ལུ་ གཙོ་བོ་ཡི་ཤུ་གིས་ ཡ་ཧུ་ད་པའི་ཆོས་བཤད་ནུག། དེ་ལས་མི་མངས་ཤོ་གཙོ་བོ་ལུ་བལྟ་ཏེ་ཧ་ལས་ནུག། ཁོང་གི་དེ་འབད་སླབ་ནུག་ ཁོ་གི་ཨ་ནི་སླབ་སྟོན་ཚུ་ག་ཏེ་ལས་ཐོབ་ཨིན་ན? 3 ༣༽ ཁོ་འདི་ཤིང་བཟོ་བ་མེན་ ཁོ་མ་རི་ཧཱམ་གི་སྲས་ དེ་ལས་ཡཱ་ཀུབ་ཟོ་སེས་ འཛུ་དཱས་དང་སི་མོན་གྱི་ཕོ་རྒནམ་མེན་ན? དེ་ཁོ་གི་ཨ་ཞེམོ་དང་ནུམ་ཚུ་གནག་ ང་བཅས་དང་གཅིག་ཁར་མེད་བོ? ཁོང་ལུ་ཡི་ཤུ་གིས་ཁྲིམས་འགལ་འབད་ནུག། 4 ༤༽ དེ་འབདཝ་ད་ གཙོ་བོ་ཡི་ཤུ་གི་ ཁོང་ལུ་དེ་འབད་གསུང་ནུག་ ལུང་སྟེན་པ་འདི་ཚུ་ ཁོང་རའི་གཡུས་དང་ཉེཝ་ཉེ་ཚན་ དེ་ལས་ཟ་ཚང་ཚུ་མ་གཏོགས་ ཁོང་ལུ་གུས་ཞབས་མེདཔ་མེན། 5 ༥༽ གཙོ་བོ་ཡི་ཤུ་གི་འདི་ཁར་ལུ་ མཐུ་ལྡན་དང་སྟོབས་ཅན་གྱི་ལཱ་མི་ནདཔ་ཚུ་ལུ་ཆགས་བཞག་ཏེ་ དྲག་གནང་ནི་མ་བཏོགས་ གཞོན་ག་ནི་ཡང་འབད་མ་ཚུགས་ནུག། 6 ༦༽ མི་ཚུ་གི་དད་མེདཔ་ལུ་བལྟ་ཏེ་ ཡི་ཤུ་ཧ་ལས་ནུག། དེ་ལས་དེ་ཁར་ལས་ གཡུས་གཞན་ཚུ་ལས་ཕར་ཆོས་བཤད་ཏེ་འབྱོན་ནུག། 7 ༧༽ དེ་ལས་གཙོ་བོ་ཡི་ཤུ་གི་ ཁོ་རའི་སློབ་མ་བཅུ་གཉིས་འདི་ གཉིས་གཉིས་འབད་ཕྱི་ཁར་གཏང་ནུག། དེ་མ་ཚད་ ཁོང་ལུ་ མི་གཙང་སེམས་ཤུགས་ཐོག་ཁར་དབང་ཚད་ ཡང་གནང་ཏེ་ ཁོང་གི་ལམ་འགྲུལ། 8 ༨༽ ཚུ་ནང་ རྐངམ་ནང་བཅུག་ནི་ལྷམ་གཅིག་དང་གཟུགས་ཁར་རྒྱོན་མི་གོ་ལ་གཅིག་རྐྱངམ་གཅི། 9 ༩༽མ་གཏོགས་གཞན་ཏེད་ཟེད་ ཕད་ཅུང་ནེ་ལས་ཏི་རུ་ འདི་ཚུ་ག་ནི་ཡང་ མ་འབག་ཟེར་བཀའ་གནང་ནུག། 10 ༡༠༽ ཡི་ཤུ་གི་ ད་རུང་གསུང་ནུག་ ཁྱོད་འདི་ཚུ་ ནམ་ར་འབད་རུང་ རོངས་ཀྱི་ཁྱིམ་ནང་འཛུལཝ་ད་ ཁྱོད་ཕར་ལས་མ་འགྱོཝ་ཚན་ཚེ་སྡོད། 11 ༡༡༽ ག་དེམ་ཅིག་འབད་ ཁྲོམ་ག་ཏེ་འབད་རུང་ ཁོང་གི་ཁྱོད་ཆ་ཚབས་ལུ་མ་ཉན་པ་ཅིན་ ཁྱོད་ཀྱི་འ་ནི་ས་གོ་འདི་ལས་ཕྱི་ཁར་འགྱོཝ་ད་ ཁོང་ལུ་བཟོམ་དཔང་བཟུམ་གཅི་འབད་ ཁྱོད་ཚུ་གི་རྐངམ་གྱི་ཐལཝ་པིད་འབད་བཞག། 12 ༡༢༽ དེ་ལས་ཁོ་གི་སློབ་མ་འདི་ཚུ་ ཕྱི་ཁར་འགྱོ་ཏེ་ མི་ཚུ་ལུ་བཤགས་པ་བཞུ་གོ་ཟེར་གསུང་བཤད་ནུག། 13 ༡༣༽ དེ་མ་ཚད་ འདྲེ་བདུད་འདི་ཚུ་ཡང་བཏོ་ནི་གཏང་ དེ་ལས་མི་ནདཔ་ཚུ་ལུ་ མར་ཁུ་གིས་ ཁྲིས་གསོལ་གནང་ཏེ་དྲག་གནང་ནུག། 14 ༡༤༽ གཙོ་བོ་ཡི་ཤུ་འདི་ ཡོངས་གྲགས་ཅན་འབྱུང་ནུག་ཟེར་ རྒྱལཔོ་ཧེ་རཱོད་གི་ཧ་གོ་ནུག། ལ་ལུ་ཅིག་གི་ དེ་འབད་སླབ་ནུག་ ཁྲིས་གསོལ་གནང་མི་ཡོ་ཧཱ་ན་འདི་ སེམས་པོ་འབད་ཡར་སོང་ནུག། དེ་འབད་ནི་འདི་གི་རྗུ་འཕྲུལ་གྱི་སྟོབས་ཤུགས་ཁོ་ལུ་འདུག། 15 ༡༥༽ དེ་ལས་གཞན་མི་གྱི་དེ་འབད་སླབ་ནུག་ ཁོ་འདི་ཨེ་ལི་ཟཱ་ཨིན་ ད་རུང་སོ་སོར་ཅིག་གྱི་ཁོ་འདི་ སྔོན་རབས་ཀྱི་དུས་ལུ་ཡོད་པའི་ལུང་བསྟོན་པ་བཟུམ་ཨིན་ཟེར་བའི་བསྲི་བྱུ་ཚུ་སླབ་ནུག། 16 ༡༦༽ དེ་འབདཝ་ད་ ཧེ་རཱོད་ཀྱི་འ་ནི་བསློ་བྱུ་ཚུ་གོ་ཏེ་ དེ་འབད་སླབ་ནུག་ ང་གི་ཡ་བཀོ་བཏོག་ཏེ་སེག་མི་ ཡོ་ཧཱ་ན་འདི་སེམས་པོ་འབད་བཞེན་ནུག། 17 ༡༧༽ ཧེ་རཱོད་ཀྱིས་མི་གཏང་ཏེ་ ཡོ་ཧཱ་ན་བཟུང་གཏམ་ཏེ་ བཅོན་ཁང་ནང་བཅུག་ནུག། དེ་ཡང་ཧེ་རཱོད་ཀྱི་ ཕོ་རྒནམ་ཕཱི་ལིཔ་གི་ཨམ་སྲུ་ཧེ་རཱོད་དྲིས་འདི་ ཁོ་གི་གཉིན་རྐྱབ་ནུག། 18 ༡༨༽ ག་ཅི་འབད་ཟེར་བར་ཅིན་ ཡོ་ཧཱ་ན་གྱི་ཧེ་རཱོད་ལུ་ ཁྱོད་རའི་ཕོ་རྒནམ་གྱི་ཨམ་སྲུ་གཉེན་རྐྱབ་ནི་འདི་ ཁྲིམས་དང་མ་མཐུན་པའི་ལཱ་ཨིན་ཟེར་སླབ་ཨིན་མས། 19 ༡༩༽ དེ་འབདཝ་ད་ ཧེ་རཱོད་དྲིས་ ཞི་སྡང་སློང་ཏེ་ ཡོ་ཧཱ་ན་བསད་ནི་ཟེར་རུང་ མོ་གི་བསད་མ་ཚུགས་འབད། 20 ༢༠༽ ཧེ་རཱོད་ཀྱི་ཡོ་ཧཱ་ན་འདི་ དྲང་པོ་དང་དམ་ཨིན་ཟེར་འདྲོག་ནི་དེ་གི་ ཁོ་ལུ་ཉོན་སྲུང་འབད་ནུག། ཁོ་ལུ་ཉནམ་ད་ སེམས་ཕམ་རུང་ར་དགའ་བའི་ཐོག་ལས་ཉན་ནུག། 21 ༢༡༽ དེ་ལས་ སྟབས་བདེ་བས་ཉིནམ་གཅིག་ནང་ཧེ་རཱོད་ཀྱི་འཁྲུངས་པའི་ཉིནམ་ དགའ་སྟོན་གྱི་དོན་ལུ་ ག་ལི་ལི་གི་འགན་འཛིན་པ་ འགོ་དཔོན་ དེ་ལས་དབུ་ཁྲིད་ཀྱི་གོ་འཕང་ ཚུ་ལུ་ཕྱི་རུའི་ཚོགས་བཞག་ནུག། 22 ༢༢༽ ཧེ་རཱོད་དྲིས་གི་བུམོ་ནང་ན་འོང་ཏེ་ ཞབས་ཁྲ་རྐྱབ་ད་ ཧེ་རཱོད་དང་ ཁོ་གི་མགྱོནམ་ཚུ་ མོ་ལུ་བལྟ་ཏེ་ སེམས་དགའ་ཡིད་ཚིམ་ནུག། རྒྱལཔོ་གིས་ བུམོ་འདི་ལུ་ ཁྱོད་ལུ་ག་ཅི་གོཔ་ཅིག་ ང་ལུ་སླབ་ ང་གིས་བྱོན་གེ་ཟེར་སླབ་ནུག། 23 ༢༣༽ ཁོ་གི་མོ་ལུ་ ཁྱོད་ཀྱི་ག་ཅི་ཨིནམ་ས་ཅིག་རུང་ ལེན་པ་ཅིན་ ང་གི་རྒྱལ་ཁབ་ཕྱེད་ཀ་ཅིག་ ཚོན་བྱིན་གི་ཟེར་ཁས་ལེན་འབད་ནུག། 24 ༢༤༽ བུམོ་འདི་ ཕྱི་ཁར་སོང་ཉིནམ་ལས་ མོ་རའི་ཨའི་ལུ་ ང་ག་ཅི་ལེན་ན་སྨོ? ཟེར་སླབ་ད་ ཨའི་འདི་གི་ ཁྲིས་གསོལ་གནང་མི་ཡོ་ཧཱ་ན་གྱི་ མགུ་ཏོ་གཏོག་གནང་ཟེར་སླབ་ནུག། 25 ༢༥༽ མོ་འདི་འཕྲོ་ལས་ མགྱོགས་པར་ ལོག་ཏེ་རྒྱལཔོ་འབད་སར་སོང་ཏེ་ ང་ལུ་གནའ་གི་ད་ལྟོ་ཤིང་གི་སྟེརམ་ནང་གནང་དགོ་ཟེར་ཞུ་ནུག། 26 ༢༦༽ བསློ་བྱུ་འདི་གི་ སེམས་གཏིང་རིངམོ་སྦེ་སྐྱོ་རུང་ར་ ཁོ་གི་འབད་མི་དམ་བཅའ་དང་ མགྱོནམོ་ཚུ་གི་ འབད་ནི་འདི་གི་ མོ་གི་ཞུ་བ་ལུ་ མི་བཏུབ་ཟེར་སླབ་མ་ཚུགས་ནུག། 27 ༢༧༽ དེ་ལས་ རྒྱལཔོ་གི་ ཁོ་རའི་སྲུང་རྒྱབ་ལས་ དམག་མི་ཚུ་ལུ་ཡོ་ཧཱ་ན་གྱི་མགུ་ཏོ་འབག་ཤོ་ཟེར་བཀོད་རྒྱ་གནངམ་ད་ དམག་མི་ཚུ་བཅོན་ཁང་ན་སོང་ཏེ་ ཁོ་གི་ཨོལ་སྐོག་བཏོག་ནུག། 28 ༢༨༽ ཁོ་གི་མགུ་ཏོ་འདི་ སྡེརམ་ནང་འབག་ཏེ་ བུམོ་འདི་ལུ་བྱིན་ནུག། དེ་ལས་ བུམོ་གི་ མོ་གི་ཨའི་ལུ་བྱིན་ནུག། 29 ༢༩༽ ཡོ་ཧཱ་ན་གྱི་སློབ་མ་ཚུ་གི་ ཐོབྱུ་གོབ་ད་ ཁོང་འོང་འབད་ ཁོ་གི་རོ་འབག་ཏེ་རོ་ཁང་ནང་བཅུག་ནུག། 30 ༣༠༽ དེ་ལས་ཡི་ཤུའི་གྱི་སློབ་མ་ཚུ་ ཡི་ཤུ་དང་གཅིག་ཁར་འོང་ཏེ་ ཁོང་གི་ག་ཅི་འབད་ག་དང་ ག་ཅི་སྟོན་ག་འདི་ཚུ་སླབ་ནུག། 31 ༣༡༽ དེ་ལས་ ཁོ་གི་གསུང་ནུག་ ཁྱོད་འདི་ཚུ་ཁྱོད་ར་ཐག་རིང་ས་ བྱི་མའི་ཐང་ནང་ཤོག་ དེ་ལས་སྐབས་ཅིག་ངལ་འཚོ་འབད་སྡོད། མི་མངས་ཤོ་ར་ ནང་ན་ ཕྱི་ཁར་འགྱོ་རུང་ ཁོང་ལུ་བཟའ་ནིའི་དོན་ལུ་ དུས་ཚོད་མེན་འདུག། 32 ༣༢༽ དེ་ལས་ཁོང་འདི་ཚུ་ གྲུ་ཆུང་ནང་ཐག་རིང་མི་བྱེ་ཐང་ནང་སོང་ནུག། 33 ༣༣༽ དེ་འབདཝ་ད་ མི་ཚུ་གི་ཁོང་འགྱོ་སར་ཏེ་ངོ་ཤེས་ནུག། དེ་ལས་ ཁོང་ཚུ་ག་ར་གཅིག་ཁར་འབད་ ཁྲོམ་སྡེ་ག་ར་ལས་རྒྱུག་ཏེ་ ཁོང་མ་ལྷོད་ནུག། 34 ༣༤༽ ཁོང་ཚུའི་མཐའ་མ་འོངམ་ད་ ཡི་ཤུ་གི་མི་མངམ་འབད་སྤུང་ས་གཟིག་ཏེ་ སྙིང་རྫེ་སྐྱེ་ནུག་ ག་ཅིག་འབད་ཟེར་བ་ཅིན་ ཁོང་དེ་ཚུ་འདི་ལུག་རྫིབ་མེད་མི་ལུག་བཟུམ་ཨིན། དེ་ལས་ཁོ་གི་ འདྲཝ་ཚུ་སྟོན་གནང་ནུག། 35 ༣༥༽ དུས་ཚོད་འདི་ ཕྱི་སུ་མཚམས་ཅིག་ཁར་ ཁོ་གི་བསློ་མ་ཚུ་ ཁོ་འབད་ས་འོང་ཏེ་ དེ་འབད་སླབ་ནུག་འ་ནི་འདི་ བྱེ་ཐང་ཨིན་ དེ་ལས་ཚུ་ཚོན་ཡང་ ཧེ་མ་ལས་ ཕྱི་སོའི། 36 ༣༦༽ ཁོང་ལུ་ནཱ་ལས་ ཕྱི་ཁར་གཏང་ད་ག་ཅི་འབད་ཟེར་བ་ཅིན་ ཁོང་རང་ཚུ་གི་དོན་ལུ་ སྦོ་ལོགས་ཁ་གི་ ཁྱོད་ཆ་ཆབས་ཀྱི་ག་ཅི་ཅིག་འབད་རུང་བཟའ་ནི་དོན་ལུ་བྱིན་ད་ཟེར་གསུང་ནུག། 37 ༣༧༽ དེ་འབདཝ་ད་ ཁོ་གི་ ཁྱོད་ཆ་ཆབས་ཀྱི་ ག་གཅི་འབད་རུང་བཟའ་ནི་དོན་ལུ་བྱིན་ད་ཟེར་གསུང་ནུག། ཁོང་གི་ཁོ་ལུ་ཞུ་ནུག་ ང་བཅས་འགྱོ་འབད་ ཏི་རུ་དྲི་ནའི་གཉིས་བརྒྱ་གི་ལངམ་ཅིག་གི་ཏེད་ཟེད་འབག་འབད་ ཁོང་ལུ་བཟའ་ནི་དོན་ལུ་བྱིན་ག? 38 ༣༨༽ ཁྱོད་ཆ་ཆབས་ལུ་ཏེད་ཟེད་ག་དེམ་ཅིག་ཡོད? འགྱོ་འབད་བལྟ་ཟེར་ཡི་ཤུ་གི་ ཁོང་ལུ་གསུང་ནུག། ཁོང་གི་ཐོབ་ད་ལུ་ ཏེད་ཟེད་ལྔ་དང་ཉ་གཉིག་འདུག་ཟེར་སླབ་ནུག། 39 ༣༩༽ རྫ་ཐང་ནང་སྡེ་ཚན་ འབད་སྡོད་ཟེར་ཁོ་གིས་བཀའ་གནང་ནུག། 40 ༤༠༽ ཁོང་འདི་ཚུ་ བརྒྱ་དང་ལྔ་བཅུ་འབད་སྡེ་ཚན་ནང་སྡོད་ནུག། 41 ༤༡༽ ཁོ་གི་ཏེད་ཟེད་ལྔ་དང་ཉ་གཉིག་ལེན་ཏེ་ ཡར་གནམ་ཁར་གཛིག་འབད་བྱིན་རླབས་ཐོབ་ཞི་ན་ མི་ཚུ་ལུ་བྱིན་ཟེར་ ཁོ་རའི་སློབ་མ་ཚུ་ལུ་གནང་ནུག། དེ་ལས་ཉ་གཉིག་ཡང་བགོ་བཤའ་རྐྱབ་གནང་ནུག། 42 ༤༢༽ ཁོང་ཚུ་ཕོཝ་མ་འདྲམ་ཚེན་ཚེ་བཟའ་ནུག། 43 ༤༣༽ ཁོང་གི་ལྷག་མ་ལུད་མི་ ཏེད་ཟེད་དང་ཉ་ཀུ་ཏོ་གང་བཅུ་གཉིས་ཐོབ་ནུག། 44 ༤༤༽ ཁོང་མི་ཏྲོང་ཁྲ་ལྔ་དེ་གཅིག་གི་ ཏེད་ཟེད་བཟའ་ནུག། 45 ༤༥༽ འདི་འཕྲོ་ལས་ ཁོ་གི་སློབ་མ་ཚུ་ལུ་གྲུ་ནང་འཛུལ་ཏེ་ ས་གོ་གཞན་བེད་སའི་ད་ནང་འགྱོ་བཅུག་ནུག་ དེམ་ཅིག་ཁར་ ཁོ་གི་མི་སྤུང་ཚུ་ལུ་ཡང་ས་གོ་འདི་ཁར་ལས་གཏང་ནུག། 46 ༤༦༽ ཁོང་ག་ར་འགྱོ་ཚརཝ་ད་ ཁོང་གངས་རི་ནང་སྨོན་ལམ་ཞུ་བ་སོང་ནུག། 47 ༤༧༽ ཕྱི་རུ་སོངམ་ད་ གྲུ་འདི་ རྒྱ་མཚོ་གི་སྦུག་ལུ་ཧོད་ནུག། དེ་ལས་ཁོ་ར་རྐྱངམ་གཅིག་ས་གནས་འདི་ནང་བཞུག་ནུག། 48 ༤༨༽ ཁོ་གི་ ཁོང་འདི་ཚུ་ ཚ་གྱང་ལང་ཡོདཔ་འཛིག་ཏེ་ག་ཅིག་འབད་ཟེར་བ་ཅིན་ རླུང་མ་ཁོང་གི་གྲུ་གུ་ཁ་ཐུ་རྐྱབ་ནུག། ཁོ་ནམ་མ་ལངམ་ཅིག་ལས་ རྒྱ་མཚོ་ནང་ལས་ལམ་འགྱོ་ཏེ་ འབྱོན་ནུག། དེ་ལས་ ཁོང་གི་གདོང་ཁ་ལས་ འཐོན་འགྱོ་ནི་ནི་འབད་ནུག། 49 ༤༩༽ དེ་འབདཝ་ད་ ཁོང་གི་ཁོ་རྒྱ་མཚོ་ནང་ལམ་འགྱོ་སར་མཐོམ་ཅིག་ ཁོ་འདྲེ་ཨིན་མས་ཟེར་མནོ་ཏེ་སྐད་རྐྱབ་ནུག། 50 ༥༠༽ ག་ཅི་འབད་ཟེར་བ་ཅིན་ ཁོང་གི་ཁོ་འོང་སར་མཐོང་ཏེ་ ཚ་གྱང་ལང་ནུག། འདི་འཕྲོ་ལས་ ཁོ་གི་ ཁོང་ལུ་ཚ་གྱང་མ་ལང་འདི་ང་ཨིན་མ་འདྲོག་ཟེར་གསུང་ནུག། 51 ༥༡༽ ཁོ་གྲུ་ནང་ཁོང་དང་གཅིག་ཁར་ གཞོནམ་ད་རླུང་མ་ མར་ཞིན་སྟེ་ ཧིང་སང་ས་འགྱོ་ཏེ་། ཁོང་ལུ་ཚུ་ཧ་ལས་ནུག། 52 ༥༢༽ ཁོང་ཚ་ཚབས་ཏེད་ཟེད་ཀྱི་སྐོར་ལས་ ཧ་གོ་མ་ཚུགས་པས་ དེ་འབདདཝ་ད་ཡང་བཀེད་རང་ ཁོང་གི་དོན་ཧིང་འདི་ ས་ཀྲག་འགྱུར་ནུག། 53 ༥༣༽ ཁོང་འདི་ཚུ་དེ་ཁར་ལས་ རྒྱལ་ཞི་ན་གོན་ནི་ས་རེད་ཟེར་ས་ས་གོ་ནང་ཧོད་ཏེ་ གྲུ་འདི་ཁར་བཏགས་བཞག་ནུག། 54 ༥༤༽ ཁོ་གྲུ་ལས་ ཕི་ཁར་བྱོན་ཅིག་མི་འདི་ཚུ་གི་ཁོ་ལུ་དུས་འཕྲོ་ལས་ངས་འཛིན་ནུག། 55 ༥༥༽ དེ་ལས་ ཁོང་གླིང་ཡོངས་ཐམས་ཅད་ རྒྱུག་ཏེ་ནདཔ་ཚུ་གདན་གུ་འབག་ཏེ་ ཁོ་ག་ཏེ་ཡོད་ཟེར་གོཝ་ཅིག་ཁྱིག་ཏེ་འོང་ནུག། 56 ༥༦༽ ཁོ་གཡུས་ཁྲོམ་དང་རྒྱལ་ཁབ་ ག་ཏེ་འཛུལ་རུང་ ཁོང་གི་ནདཔ་ཚུ་ ཚོང་བསྒྲོལ་འབད་བའི་ས་གོ་ནང་བཞག་ནུག། ནདཔ་ཚུ་གི་ ཁོ་གི་གྱོན་ཆས་ཀྱི་ཟུར་ཅིག་རེག་ཏེ་ ག་དེམ་ཅིག་གི་གཟུང་ཚུ་མི་འདི་ཚུ་དྲག་ནུག།