མར་ཀུ་ལིའུ་༥

1 ༡༽ ཁོང་འདི་ཚུ་ལུང་ཕྱོགས་གི་ར་ས་ནིའས་འབད་སའི་ མཚོ་གཅིག་གི་སྦོ་ལོག་ཁར་བྱོདམ་ད། 2 ༢༽ དེ་ལས་གཙོ་བོ་ཡི་ཤུ་འདི་གྲུ་ནང་ལས་མཐེནམ་ད་ ཏེ་མཁྲོུ་ལས་འདི་ནང་ལུ་ཡོད་པའི་མདུར་ཁོངས་ནང་ལས་བདུ་འཛུལ་མི་མི་ཅིག་འོང་ནུག། 3 ༣༽ ཨ་ནི་མི་འདི་ མདུར་ཁོངས་ནང་སྡོད་དོ་ཡོདཔ་ཨིན་མས། མི་འདི་སྤྱགས་གི་དམ་བཞག་དེ་འབད་རུང་ མི་ག་གི་ཡང་བཀག་མ་ཚུགས་སྦེ། 4 ༤༽ ཁོ་སང་ལའི་གི་ལྕག་ཐགས་གི་གདམ་བཞག་ཏེ་འབད་རུང་ མི་ག་གི་ཡང་ཁོ་གི་ནང་ལུ་ཡོད་པའི་བདུས་བཏོན་གཏང་མ་ཚུགས་སྦེ། 5 ༥༽ ཁོ་ཨ་རྟག་ར་འདིའི་མདུར་ཁོངས་ནང་ལས་དང་གངས་རི་གུ་ལས་སྔུ་དོ་ཡོདཔ་མས་ དེ་མ་ཚད་ཁོ་ཁོ་རའི་གི་ལགཔ་འདི་ཚུ་ཡང་རྡོ་སྔེགས་ཁེག་ཁེ་འབད་ཡོད་མི་འདི་ཚུ་གི་བཏོགཔ་འབད་སྡོདཔ་ཨིན་མས། 6 ༦༽ ཁོ་གི་གཙོ་བོ་ཡི་ཤུ་འདི་ ཐག་རིང་ས་ལས་ འབྱོན་ས་ཐོངས་སྟེ་ ཁོ་གཙོ་བོ་ཡི་ཤུ་འབད་ས་གྱུགས་འགྱོ་ཏེ་ གཙོ་བོ་ལུ་ཕྱགས་གསོལ་ནུག། 7 ༧༽ དེ་ལས་ཁོ་སྐད་ཤུགས་སྦེ་རྐྱབས་སྟེ་སྔུ་ནུག། ཤུགས་སྟོབས་ཅན་གྱི་དཀོན་མཆོག་གི་ཡི་ཤུ་ ང་གི་ཁྱོད་གྱི་དོན་ལུ་ག་ཅིག་འབད་དགོཔ་སྨོ་ལགས་ཟེར་ཞུ་ནུག། དེ་ལས་ང་དཀོན་མཆོག་ ཁྱོད་ར་ལུ་གསོལ་བཏབ་དོ་ ང་འདི་བཟུམ་གྱི་གནས་སྟངས་ནང་དཀའཝ་སྤྱོད་མ་བཅུ་ཟེར་ཞུ་ནུག། 8 ༨༽དེ་ལས་ཡི་ཤུ་གི་ཁོ་ལུ་དབའི་བདུད་སེའི་ཏན་ཨ་ནི་མི་འདི་ནང་ལས་ཡང་མཐོན་ཤོག་ཟེར་གསུང་ནུག། 9 ༩༽ ཁོ་གི་མི་འདི་ལུ་དེ་སྦེ་སླབ་ནུག་ ཁྱོད་ཀྱི་མིང་ག་ཅིག་སྨོ? དེ་གི་ལན་ལུ་ ཁོ་གི་དེ་སྦེ་ཞུ་ནུག། ང་གི་མིང་འདི་སྟོབས་ཤུགས་ཅན་གྱི་བདུད་ཟེར་ཞུཝ་ཨིན་ལགས་ དེ་ལས་ང་བཅས་ལེ་ཤ་ཡོད་ཟོར་ཞུ་ནུག། 10 ༡༠༽ དེ་ལས་ཁོ་གི་གཙོ་བོ་ཡི་ཤུ་ལུ་ ལོག་ཏེ་ལོག་ཏེ་རང་དེ་སྦེ་ཞུ་ནུག་ ང་བཅས་ཨ་ནི་ལུང་ཕྱོགས་འདི་ནང་ལས་ག་ཏེ་ཡང་མ་གཏང་ཟེར་ཞུ་ནུག། 11 ༡༡༽ དེ་སྒང་སྤོ་ཏོ་གཅིག་གུ་ཕགཔ་ལེ་ཤ་གཅིག་ལྟོ་ཟ་སྡོདཔ་མཐོང་ནུག། 12 ༡༢༽ དེ་ལས་ཁོང་གི་ཡི་ཤུ་ལུ་ཕགཔ་འདི་ཚུ་ནང་འཛུལ་ནི་ཡོདཔ་ཅིག་མཛད་གནང་ཟེར་གསོལ་བཏབ་ནུག། 13 ༡༣༽ དེ་བཟུམ་སྦེ་ཁོང་གི་ཞུ་མི་བཞིན་དུ་ ཡི་ཤུ་གི་འདྲེ་འདི་ཕགཔ་གི་ནང་ན་ཚུབཔ་ད་ ཕགཔ་འདི་ཚུ་རྒྱ་མཚོ་ཁ་ཐུག་རྒྱུགས་འགྱོ་ནུག། དེ་ལས་ཕགཔ་གྱངས་ཁ་ཧ་ལམ་གཉིས་སྟོང་དེ་ཅིག་རྒྱ་མཚོ་གི་ནང་ན་ཐིམ་སོང་ནུག། 14 ༡༤༽ དེ་གི་ཤུས་ཁོང་ཕགཔ་བལྟ་མི་ཆ་ཁྱབ་ཡང་དེ་ནང་ལས་རྒྱུགས་འགྱོ་ཞིནམ་ད་ དེ་ནང་གི་གཡུས་ཚན་དང་དེ་ནང་གི་ཁྲོམ་ཚུ་ནང་ལས་སླབ་ནུག། 15 ༡༥༽ དེ་ལས་མི་འདི་ཚུ་དེ་ནང་ག་ཅིག་བྱུང་ཡི་ག་ དེ་གི་སྐོར་ལས་བལྟ་བ་སོང་ནུག། དེ་ལས་ཁོང་ཚུ་གཙོ་བོ་ཡི་ཤུ་འབད་ས་བཅག་ནུག། དེ་སྒང་ཁོང་གི་ཧེ་མ་འདྲེ་འདེན་འཛུལ་མི་མི་འདི་ ཡི་ཤུ་གི་གཡསཔ་ཁ་ཐུག་སྡོད་ས་ཐོངམ་ད་འདི་གནམ་མེད་ས་མེད་འདྲོག་ནུག། 16 ༡༦༽ མི་འདི་ནང་ལས་འདྲེ་བཏེན་གཏང་ས་ཐོང་མི་ཚུ་གི་འདི་གི་ལོ་རྒྱུག་ཁོང་མི་ཚུ་ལུ་སླབ་ནུག། དེ་ལས་མི་ཚུ་གི་ཕགཔ་འདི་ཚུ་དང་ལུ་ཡང་ག་ཅི་བྱུང་ཡི་ག་ འདི་གི་སྐོར་ལས་མ་བཏུབཔ་བཏུབ་འབད་གསད་དེ་སླབ་ནུག། 17 ༡༧༽ དེ་ལས་ཁོང་གི་གཙོ་བོ་ཡུ་ཤུ་ལུ་ཨ་ནི་ལུང་ཕྱོགས་དེ་ནང་ལས་བྱོན་གནང་ཟེར་གསོལཝ་བཏབ་ནུག། 18 ༡༨༽ ཡི་ཤུ་འདི་གྲུ་ནང་འཛུལ་བའི་གི་ཚད་ འདྲེ་བདེན་འཛུལ་མི་མི་འདི་གི་ཡི་ཤུ་ལུ་ཁོ་ཡང་གཅིག་ཁར་འགྱོ་གེ་ཟེར་གསོལཝ་བཏབ་ནུག། 19 ༡༩༽ དེ་འབདཝ་ད་ཡི་ཤུ་གི་ཁོ་གི་ཞི་མི་འདི་མ་གསོངས་སྦེ། དེ་འབདཝ་ད་ཡི་ཤུ་གི་མི་འདི་ལུ་ ཁྱོད་ར་གྱི་ཁྱིམ་ནང་སོང་ཞིནམ་ད་ ཁྱོད་རང་གི་མི་ཚུ་ལུ་འདི་གི་བློ་རྒྱུགས་སླབ་ དེ་ལས་ཁོང་ལུ་དཀོན་མཆོག་གི་སྙིང་རྫེ་ག་ཏེ་སྦེ་མཛད་ཅིག་ག་གིས་སྐོར་ལས་སླབ་ཟེར་གསུང་ནུག། 20 ༢༠༽ དེ་ལས་ཁོ་འདི་ནང་ལས་འགྱོ་ཞིནམ་ད་ས་གནས་དྲི་ཀ་སྤོ་ལིསའི་ཟེར་མི་ནང་ཡི་ཤུ་གི་ཁོ་ལུ་མཛད་མི་ཕྱག་ལཱ་ཚུ་མི་འདི་ཚུ་ལུ་བཞད་ནུག། དེ་ལས་མི་འདི་ཚུ་བློ་རྒྱུགས་འདི་ཧ་དགོཝ་ད་ཧ་ལས་ནུག། 21 ༢༡༽ དེ་ལས་ཡི་ཤུ་གྲུ་ནང་འཛུལ་ཏེ་རྒྱ་འཚོ་ཕ་ལོ་མ་བྱོན་ད། མི་མང་ཁོ་སྡོད་ས་འོང་ནུག། 22 ༢༢༽ དེ་ལས་ཇའི་རསའི་ཟེར་མི་སི་ན་གོག་གི་འགོ་དཔོན་ཡི་ཤུ་འབད་ས་བཅག་ནུག། ཁོ་གི་ཡི་ཤུ་འདི་མཇལཝ་ད་ ཁོ་གི་ཡི་ཤུ་ལུ་ཕྱགས་གསལ་ནུག། 23 ༢༣༽ ཁོ་གི་ངའི་གི་བུམ་འདི་ཤི་ནི་འབད་དོ་ཟེར་ཡི་ཤུ་ལུ་ལོག་ཅི་ལོག་ཅི་ར་གསོལ་བཏབ་ནུག། ཁོ་གི་ཡི་ཤུ་ལུ་ངའི་བུམ་འབད་སང་བྱོན་ཏེ་ཕྱགས་བསྐྱེལ་བ་ཅིན་ མོ་དྲག་ཏེ་སྲིང་པོ་འབད་ལོང་འོང་ཟེར་གསོལ་བཏབ་ནུག། 24 ༢༤༽ དེ་ལས་ཡི་ཤུ་མི་འདི་དང་གཅིག་ཁར་བྱོན་ད། མི་ལེ་ཤ་ཅིག་ཡི་ཤུ་གི་ཏིང་བདའ་སྟེ་འོང་ནུག། 25 ༢༥༽ དེ་ནང་ཨམ་སྲུ་ལོ་བཅུ་གཉིས་ཚན་ཚད་ཁྲག་ཐེན་སྡོད་མི་ཅིག་སྡོད་ནུག། 26 ༢༦༽ ཁོ་གི་མི་ཚེ་ནང་ཚ་ལེ་ཤ་ཅིག་ར་དཀའ་བསྔལ་བྱུང་སྡོད་ནུག་ དེ་མ་ཚད་དྲག་ནི་གི་དོན་ལུ་སྨོན་བཅད་ག་བཟུམ་ཅིག་རང་འབད་ཏེ་གི་རང་འབད་རུང་ཡོདཔ་མེདཔ་ཟད་འདྲོ་འདི་ཚུ་ག་ར་བརླག་གཏང་རུང་དྲག་ནི་གི་ཚབ་མ་ཞན་ཁོག་ཁོ་འབད་ཡར་སོང་ནུག། 27 ༢༧༽ མོ་གི་ཡི་ཤུ་འདི་གི་སྐོར་ལས་གསལ་བཤད་འབད་ས་ཧ་དགོ་ནུག། དེ་ལས་མོ་གི་མི་མཛོམས་ས་གི་རྒྱབ་ཁ་ལས་འོང་འདི་ཡི་ཤུ་གི་མདའམ་ཟ་ན་ལགཔ་བཀལ་ནུག། 28 ༢༨༽ མོ་གི་དེ་སྦེ་སླབ་ཅིག་གེ་སེ་ག་དེམ་ཅིག་འབད་ ང་གི་ཡི་ཤུ་གི་མནའ་ཟ་འདི་ལུ་ཟུང་དྲཝ་འབད་བ་ཅན་ ང་དྲགཔ་འགྱོཝ་ཟེར་མནོ་ནུག། 29 ༢༩༽ མོ་གི་ཡི་ཤུ་གི་ནམའ་ཟ་འདི་གུ་བསྐྱེལཝ་ཅིག་མོ་གི་ཁྲག་མཐེན་དེ་སྡོད་མི་འདི་བཀག་བཞག་ནུག། དེ་ལས་མོ་མོ་རང་གི་གཟུགས་ནང་ལས་ཡང་ཤེས་ནུག། དེ་བཟུམ་སྦེ་མོ་གི་བཏབ་མ་བདེཝ་དེ་ནང་ལས་དྲག་ཅིག་ཟེར་ཤེས་ནུག། 30 ༣༠༽ ཡི་ཤུ་གི་འདི་འཕྲོ་ལས་ ཁོ་ར་ནང་ལས་ཤུགས་སྟོབས་ཏེ་འགྱོཝ་ཨིནམ་ཁྱོདཔ་ནུག། ཁོ་གི་ཁོ་རའི་སྐོར་ར་རྐྱབ་ཏེ་མི་ལེ་ཤ་མཛོམས་སྡོད་ས་ལུ་ ང་གི་བགོ་ལ་ནང་ཐཀྲོགས་མི་ག་སྨོ? ཟེར་གསུང་ནུག། 31 ༣༡༽ ཁོ་གི་སློབ་མ་འདི་ཚུ་གི་ཡི་ཤུ་ལུ་འདི་ན་གི་མཁྱེན་ཨ་ནི་མི་འདི་ཚུ་གི་ན་ལུ་སྤུང་འོང་ཡི་ དེ་ན་གི་གསུང་མི་ང་ལུ་དཀྲོགས་་མི་ག་སྨོ? ཟེར་ཞུ་ནུག། 32 ༣༢༽ དེ་འབདཝ་ད་ཡི་ཤུ་གི་འབད་བ་ཚན་དཀྲོགས་མི་འདི་ག་ཨིན་ན་འདི་ཐོང་ཚུ་ནི་གི་དོན་ལུ་ཨིན། 33 ༣༣༽ ཨ་ནི་ཨམ་སྲུ་འདི་བདུ་འཕྲོ་ལས་མོ་གུ་ག་ཅིག་བྱུང་ཡི་གི་མོ་གི་ཤེསཔ་མ་ཚད་ མོ་གནམ་མེད་ས་མེད་ཡི་ཤུ་ལུ་འདྲོག་ཤེསཔ་ནང་དགའ་བ་བྱུང་ནུག། དེ་ལས་མོ་ཡི་ཤུ་གི་སྐུན་མདུན་ལུ་ཡོད་ཏེ་ བདེན་པ་འདི་ཚུ་ག་ར་གསལ་ཏོག་ཏོ་འབད་ཞུ་གནང་ནུག། 34 ༣༤༽ ཡི་ཤུ་གི་བུམ་ཁྱོད་ར་གི་དད་པ་གི་ ཁྱོད་ར་ལུ་དྲགཔ་གཟི་ཡི་ད་ ཁྱོད་ར་ཞི་བེད་དང་ ཁྱོད་རའི་ནང་ལས་སྐྱབས་ཐོབ་ཅིག་ཟེར་གསུང་ནུག། 35 ༣༥༽ ཡི་ཤུ་འདི་བློ་སླབ་སྡོད་པའི་བུ་ན་ར་སི་ན་གོག་གི་འགོ་ཁྲིདཔ་དག་པ་ཅིག་འོང་འདི་ ཁྱོད་ཀྱི་བུམ་འདི་ཤི་ནུག། ག་ཅིག་འབད་ཨ་ནི་སློབ་དཔོན་འདི་སྟེ་ཚན་ཚད་དཀྲོཔ་སྨོ? ཟེར་སླབ་ནུག། 36 ༣༦༽ དེ་འབདཝ་ད་ཡི་ཤི་གི་ཁོང་གི་སླབ་མི་ཁ་ཐེན་འདི་དགོཝ་ད་ ཡི་ཤུ་གི་ཁྱོད་མ་འདྲོག་ དེ་འབདཝ་ད་ དད་པ་རྐྱངམ་ཅིག་བསྐྱེད་ཟེར་སི་ན་གོག་གི་འགོ་ཁྲིདཔ་ལུ་སླབ་ནུག། 37 ༣༧༽ དེ་ལས་ཁོ་གི་པི་པྲོ་ལུ་རྐྱངམ་ཅིག་མ་ཏོག་ གཞན་ག་ལུ་ཡང་ ཁོང་ལུ་ཆ་རོགས་མ་འབད་ཟེར་གནང་བ་བྱིན་ནུག། 38 ༣༨༽ ཁོང་འདི་ཚུ་སི་ན་གོག་གི་ཁྱིམ་ནང་འོང་ནུག། དེ་ལས་ཁོང་གི་མི་འདི་ཚུ་སྐད་རྐྱབ་ས་དང་སྔུ་ས་ དེ་བཟུམ་སྦེ་གནམ་མེད་ས་མེད་བྱེལ་སྐད་ཀྱི་སྐད་ཧ་དགོ་ནུག། 39 ༣༩༽ ཁོ་ཁྱིམ་གྱི་ནང་ན་འཛུལ་ཏེ་ ཁོ་གི་ཁོང་ལུ་ཁྱོད་ཆ་ཁྱབ་སེམས་ཕམ་དགོཔ་དང་དེ་སྦེ་སྔུ་དགོཔ་མིན་འདུག། ག་ཅིག་འབད་སྨོ་ཟེར་བ་ཅན་ ཨ་ལོ་འདི་མ་ཤི་ནུག། དེ་འབདཝ་ད་ཉལ་དེ་ནུག་ཟེར་གསུང་ནུག། 40 ༤༠༽དེ་ཧ་དགོཝ་ད་ ཁོང་འདི་ཚུ་གནམ་མེད་ས་མེད་སྨད་་སྨད་བཅུད་དེ་དགའ་སྡོད་ནུག། དེ་འབདཝ་ད་ཡི་ཤུ་གི་ ཁོང་འདི་ཚུ་ཕྱི་ཁར་བཞག་ཞིནམ་ད་ ཨ་ལོ་གི་ཕམ་གཉིས་དང་ཁོ་རང་གཅིག་ཁར་སྡོད་མི་དག་པ་ཅིག་ ཁྱང་ཏེ་ཨ་ལོ་སྡོད་སར་ནང་ན་སོང་ནུག། 41 ༤༡༽ ཁོ་གི་མོ་གི་ལགཔ་འདི་མཐུ་ཞིནམ་ད་ ཀྲ་ལི་ཐ་ཀུངམ་ འདི་གི་སྐད་སྒྱུར་འདི་ ༼བུམ་ཚུང་ཀུ་ཟེར་སླབ་ཨིན༽་ང་ཁྱོད་ལུ་སླབ་དོ་ཡར་ལོང་ཟེར་གསུང་ནུག། 42 ༤༢༽བདུ་ཕྲོད་ལས་ཨ་ལོ་འདི་ ཡ་ལོང་ཞིནམ་ད་ ལམ་འགྱོ་ནུག་ ༼མོ་ལོ་བཅུ་གཉིས་ལང་སོང་ནུག།༽ ཁོང་གི་འདི་ཐོངམ་ད་ བདུ་ཕྲོད་ལས་གནམ་མེད་ས་མེད་ཡ་མཚན་ཆེ་ནུག། 43 ༤༣༽ དེ་ལས་ ཁོ་གི་ཁོང་ལུ་ འདི་གི་སྐོར་ཤེས་མ་བཅུ་ནི་གི་དོན་ལུ་སྒྲིག་དམ་དྲག་འབད་བཀའ་རྒྱ་གནང་ནུག། དེ་ལས་ཡི་ཤུ་གི་ ཁོང་ལུ་ག་ཅིག་གུ་ཅིག་མོ་ལུ་ཟ་ནི་བྱིན་ཟེར་གསུང་ནུག།