མཱར་ཀུ་ལིའུ་བཞི་པ།

1 ༡་ དེ་ལས་ཡི་ཤུ་གི་འཇམ་ཚོགསའི་མཐའ་མ་ལུ་ཆོས་བཤད་ནུག། དེ་ལས་འགྲུ་ནང་བཛུལ་ཏེ་འཛམ་ཚོགསའི་བུའུ་ལུ་བཞུགཔ་ད་མི་ལེགསཤ་ཅིག་ཁོ་དང་མཉམ་ཅིགའོང་ནུག། 2 ༢་ ཁོང་ཚུ་ལུ་ཡི་ཤུ་གིས་དཔེ་གཏམ་གྱི་མཐོ་ལས་ཆོས་ལེགས་ཤ་ཅིག་བཤད་ནུག། ཁོ་གིས་ཁོང་ལུ་དེ་སྦེ་གསུང། 3 ༣་ སོད་ནམ་པ་མི་གཅིག་སོན་བཏབ་པ་སོང་ནུག། 4 ༤་ དེ་ལས་ཁོ་གྱིས་བཏབ་ད་སོན་ལ་ལུ་ཅིག་ལམ་ཁར་བུད་དེ་བྱ་གིས་མཐུ་བཟའ་ 5 ༥་ སོན་ལ་ལུ་ཅིག་རྡོ་མགུ་འབུད་དེ་སྒྲི་བུ་མ་བཏག་པས་ག་ཅི་སྨོ་ཟེར་བ་ཅན་ས་ལེགས་ཤོམ་མེདཔ་ལས་སྟོན་ཏེ་ཨིན་མས། 6 དེ་ལས་འདི་མགུ་ཉིམ་ཕོག་ཏེ་སྐམ་ནུག་ག་ཅི་སྨོ་ཟེར་བ་ཅན་འདི་གིས་དྲིང་དྲི་མེདཔ་ཨིན་མས། 7 ༧་ སོན་ལ་ལུ་ཅིག་རྩང་དགུ་ཕོག་ཏེ་སྒྲི་བུ་ཅིཔ་ཡང་མ་གཏགས་པས། 8 ༨་ དེ་ལས་སོན་ལ་ལུ་ཅིག་ས་ལེགས་ཤོམ་ལུ་འབུད་དེ་ སྒྲི་བུ་ལ་ལུ་ཅིག་གྱིས་རྒྱ་ཆ་ལས་གསུམ་བཅུ་དང་དྲུག་བཅུ་དང་ དེ་ལས་རྒྱ་ཚ་ལས་རྒྱ་ཆས་སྦེ་བཏགས་ནུག། 9 ༩་ ཡི་ཤི་གྱིས་ཉན་ནི་རྣམ་བཅུ་ཡོད་མི་ཚུག་གིས་ཉན་བཅུགས་ཟེར་གསུང་ནུག། 10 ༡༠་ དེ་སས་ཡི་ཤུ་ཁོ་རང་རྐྱམ་ཅིག་བཞུགསཔ་ད་ ཁོང་བློ་མ་ཚུ་ཀྱིས་དཔེ་གཏམ་གྱི་རྐོར་ལས་ ཡི་ཤུ་ལུ་བཞུ་ནུག། 11 ༡༡་ ཁོ་གིས་ཁོང་བློ་མ་ཚུ་ལུ་ ཁྱོད་ལུ་དཀོན་མཆོགའི་རྒྱལ་སྲིད་བསང་བ་སྦེ་ཡོད་མི་འདི་སྟོན་འབྱིནམ་ཨིན་ དེ་འབདཝ་ད་ མི་ཞན་ལུ་ འདི་དཔེ་གཏམ་ཨིན། 12 ༡༢་ དེ་འབདཝ་ལས་ ཁོང་གྱི་མིག་ཏོག་གིས་བལྟ་རུང་ འདི་གིས་དོན་ད་མི་ཤེས། ཁོང་གྱིས་རྣ་བ་དགོ་རུང་ དོན་དག་ཧ་མི་དགོ་ དེ་འབད་ལས་ཁོང་སེམས་རྒྱུར་ཏེ་ དཀོན་མཆོག་ལུ་དད་པ་སྐྱེད་པ་ཅན་ ཁོ་ གྱིས་ཁོང་ལུ་བཤག་པ་གནངསམ་ཨིན། 13 ༡༣་ དེ་ལས་ཡི་ཤུ་གིས་ཁོང་ལུ་ ཁྱོད་ཚུ་གིས་འདི་དཔེ་གཏམ་གི་དོན་ད་ཧ་མ་དགོ་བ་ཅན་ གཞན་དཔེ་གཏམ་ཚུ་གྱིས་དོན་ད་འདི་ག་དེ་སྦེ་ཧ་དགོ་ཚུགས་ནི་སྨོ་ཟེར་གསུང་ནུག། 14 ༡༤་ དཔེ་གཏམ་འདི་ནང་ལུ་སོན་བཏབ་མི་ མི་འདི་དཀོན་མཆོག་གྱི་གསུང་བཤད་མི་དེ་ཨིན། 15 ༡༥་ སོན་ལམ་ཁར་འབུད་མི་འདི་ དཀོན་མཆོག་གྱི་གསུང་རྣ་བ་ཉན་རུང་ དུད་སེད་གཏན་གིས་མཐུ་འབག་མི་འདི་ལུ་སླབ་ཨིན། 16 ༡༦་ དེ་ལས་གསོན་རྡོ་མགུ་འབུད་མི་ཚུ་ དཀོན་མཆོག་གིས་གསུང་ཉན་ཞིནམ་ལས་ དགའ་སྤྲོའི་མཐོག་ལས་ལེན་མི་ཚུ་ཨིན། 17 ༡༧་ ཁོང་ིཚུ་ག་ར་གྱི་དྲིང་དྲིང་མེདཔ་ལས་དཀའ་ངལ་དང་སྡུངག་གིས་སྡུད་ཚད་འབྱུངམ་ད་དྲིང་དྲིང་སྡོད་མ་ཚུག་པས། 18 ༡༨་ དེ་ལས་སོན་ལ་ལུ་ཅིག་རྩང་མགུ་ཕོག་མི་ཚུ་ 19 ༡༩་ དཀོན་མཆོག་གྱི་གསུང་རྣ་བ་དགོ་རུང་ འཛམ་གླིང་གྱིས་ལུགས་གསལ་ཚུག་དང་མཉམ་སྡོད་དེ་ ཁོང་ཚུ་གྱིས་སྒྲི་བུ་མ་གཏགས་མས། 20 ༢༠་ སོན་ལ་ལུ་ཅིག་ས་ལེགས་ཤོམ་མགུ་ཕོག་མི་ཚུ་ དཀན་མཆོག་གྱི་གསུང་ཧ་དགོ་ཏེ་སྡོད་མི་ཚུག་ཨིན། ཁོང་ཀྱིས་སྒྲིས་བུ་ཡང་ རྒྱ་ཆ་ལས་གསུམ་བཅུ་དང་དྲུག་བཅུ་དང་ཅིག་རྒྱ་སྦེ་གཏགས་ནུག། 21 ༢༡་ ཡོ་ཤུ་གིས་ཁོང་ལུ་ ཁྱོད་ཚུ་གིས་སཱ་ཏི་ཏེ་ རྩིའུ་དང་ཉལ་ཁྲིས་གྱི་སྤུབ་བཞག་འོག་ག། 22 ༢༢་ ག་ཅི་སྨོ་ཟེར་བ་ཅན་ གསང་བ་ག་བཟུམ་འབད་རུང་དོང་ཁ་འཐོན་འོང་ནི་དང ་ལོ་རྒྱུད་འབྱིབ་བཞག་མི་ཚུ་ཡང་ཧ་དགོ་འོང། 23 ༢༣་ ཁོང་ཉན་ནོའི་རྣ་བ་ཡོད་མི་ཚུག་གིས་ཉན་ཅུག་ཟེར་ཡི་ཤུ་གིས་གསུང་ནུག། 24 ༢༤་ དེ་ལས་ཡུ་ཤུ་གྱིས་ ཁྱོད་ཁྱ་ཁྱབ་ལེགས་ཤོམ་སྦེ་ཉན་ཤི་ རོག་ལུ་འཁྲིམ་མ་གཅད་ དེ་ལས་ཁྱོད་ལུ་ཡང་འཁྲིམ་མེད་གཅད་ཟེར་གསུང་ནུག། ག་ཅི་སྨོ་ཟེར་བ་ཅན་ ཁྱོད་གྱིས་ཞན་ལུ་འཁྲིམ་ག་དེ་སྦེ་གཅདཔ་ཨིན་ན་ ཁྱོད་ལུ་ ཡང་འཁྲིམས་གཅད་འོང། 25 ༢༥་ དེ་ལས་ ག་ལུ་ལངམ་འབད་ཡོདཔ་ཨིན་ན་ཁོ་ལུ་གནངས་འོང། ག་ལུ་ལངམ་འབད་མེདཔ་ཨིན་ན་ ཁོང་ལུ་ཡོད་མི་དེ་ཡང་ལོག་ཏེ་རྣམ་འོང་ཟེར་གསུང་ནུག། 26 ༢༦་ དོ་རུང་རང་ཡི་ཤུ་གྱི་ཁོང་ལུ་དེ་འབད་སླབ་ནུག་ དཀོན་མཆོགས་གྱི་རྒྱལ་སྲིད་དེ་ སོན་གཏབ་མི་སོན་ནམས་པ་ཅིག་དང་འདྲ། 27 ༢༧་ མི་འདི་སོན་བཏབ་ཞགས་ཏེ་ ཁོ་རའི་ཁྱིམ་ནང་ལུ་སོང་ཞིནམ་ ལས་གནམ་དྲོ་བ་ཁོ་ཉིམ་ཏ་བུ་རང་ལྟ་བ་འགྱོ་རུང་ གསོན་ག་དེ་སྦེ་ཐྐྱེདཝ་ཨིན་ན་མེད་ཤེས་རུང་ 28 ༢༨་ གསོན་ཁོ་རང་རང་ཞིན་སྐྱེད་ཨིན་། འདི་བཟུམ་སྦེ་རང་འཛམ་གླིང་ནང་ལུ་ ཤིང་ཚུ་རང་ཞིན་སྐྱེདཝ་ཨིན། 29 ༢༩་ དེ་ལས་ལོ་མཐོག་མཐུ་ནི་སྡུད་མཚད་རེན་ད་ལུ་ ཁོ་གྱི་ལོ་མཐོག་ངཱ་ནི་སྡུད་མཚད་རེན་ད་ལཱ་འབད་བ་མི་ཚུ་གཏངམ་ཨིན། 30 ༣༠་ དེ་ལས་ད་རུང་རང་ཡི་ཤུ་གྱི་ དཀོན་མཆོགསའི་རྒྱལ་སྲིད་འདི་ ག་ཅི་དང་མཉམ་དགས་དུར་འབད་ནི་སྨོ་ འདི་གྱིས་སྐོར་ལས་དཔེ་གཏམ་ ག་འདི་ལག་ལེན་ཐབས་ནི་སྨོ། 31 ༣༡་ དཀོན་མཆོག་གྱི་རྒྱལ་སྲིད་འདི་ འཛམ་གླིགང་ནང་ཡོད་མི་སོན་ཆུང་ཤོ་ པད་དཀར་སྟབས་དོ་བཟུམ་ཨིན། དེ་ལས་སོན་འདི་སྐྱེདཝ་ད་ ལྡུམ་རའི་ནང་གྱིས་ཤིང་ཚུ་གྱི་དྲལ་ཁ་ལས་སྦོམ་ཤོ་ཅིག་ཨིན། 32 ༣༢་ དེ་གིས་ཞལ་ལའི་ གིད་མ་ནང་ལུ་བྱ་ཚུ་གིས་ཚང་བཟོཝ་ཨིན། 33 ༣༣་ ཁོ་གིས་མི་མང་རབས་གིས་ཧ་དགོ་ནི་དོན་ལུ་ དཔེ་གཏམ་གྱི་མཐོག་ལས་གསུང་རབས་བཤད་གནང་ནུག། 34 ༣༤་ དཔེ་གཏམ་མེད་པ་ཁོ་གྱི་ག་ཅིག་ཡ་མ་གསུང་མས་ ཁོ་རང་རྐྱམ་ཅིག་སྦེ་ཞུགཔ་ད་ ཁོང་བློ་མ་ཚུ་ལུ་ཁོ་གིས་དཔེ་གཏམ་ཚུ་གྱི་འགྲལ་བཤད་སྐྱབ་གནང་ནུག། 35 ༣༥་ འདི་གི་མནུབ་མོ་ཁོ་གི་ཁོང་ལུ་ རྒྱ་མཚོའི་ཕཱ་ལོ་མ་འགྱོ་གེ་ཟེར་གསུང་ད་ 36 ༣༦་ ཁོ་ཚུ་མི་ཚུ་བཀོ་བཞག་བཞིན་ལས་ ཁོག་ཡི་ཤུ་དང་མཉམ་ཅིག་དྲུག་ནང་འཛུལ་དེ་འབྱོན་ནུག། དེ་ལས་དྲུག་གཞན་ཡང་ཁོང་དང་མཉམ་འགྲོ་གྲེལ་འབད་སྡོད་ནུག། 37 ༣༧་ འདི་སྐབས་ལུ་ འཛམ་ཚོགའི་ནང་ལལལལལུ་གླུང་ཚུགསཔ་འོང་ཏེ་ འཛམ་ཚོགསའི་བཱ་ལབས་ཀྱིས་འགྲུ་ཚུ་ནང་ཆུ་གང་ཏེ་འཐུམས་ནི་འབདཝ་ད། 38 ༣༨་ དེ་སྐབས་ལུ་ཡི་ཤུ་ཡང་ཁོང་དང་མཉམ་གྲུ་ནང་འཛིམ་ཏེ་ཞུག་ནུག། ཁོང་སློབ་མ་ཚུ་གིས་ཁོ་ལུ་གཙོ་བོ་ ང་བཅས་ཚུ་གྲུ་ནང་ཐིམས་ཏེ་ཤི་ནི་འབད་དོ་ འབྱམས་པ་མཛད་ཟེར་ཞུཝ་ད་ 39 ༣༩་ ཡི་ཤུ་འཛིམ་ས་ལས་ཡར་ཞེངས་ཏེ་ རྒྱ་མཚོག་དང་རླུང་ཚུབ་ཀྲ་ལུ་བཞི་བདེ་འབྱུང་ཅུགས་ཟེར་དཀའ་ནངསམ་ད་ ཁུ་སིམ་སི་སྡོད་ནུག། 40 ༤༠་ ཁོང་སློབ་མ་ཚུ་ཡི་ཤུ་ ཁྱོད་དད་པ་ཆུང་ཀུ་ཚུ་ག་ཅི་འབད་དྲོ་སྨོ་ 41 ༤༡་ ཁོང་ཚུ་དྲོ་ཏེ་ཁོ་གྱི་རླུང་དང་རྒྱ་མཚོ་ཚུ་གྱི་ཡང་ཁོ་གྱིས་དཀའ་ལུ་ཉན་ཨིནམ་མས་ཟེར་ཅིག་གིས་ཅིག་ལུ་སླབ་ནུབག།