1 ༡ ཡ་རུ་ཤ་ལེམ་ལས་འོང་མིའི་ ཕ་རུ་ཤིས་པ་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་ ཡེ་ཤུ་གི་སྐུ་མདུན་ལུ་ འཛོམས་ནུག 2 ༢ ཡེ་ཤུ་གི་སློབ་མ་ལ་ལུ་གིས་ ཁོང་རའི་ལག་པར་ བཙོག་གྲིབ་དགཔ་མ་བཟོ་བར་ བཞེས་སྒོ་ཟ་སར་མཐོང་སྦེ་ ཕ་རུ་ཤི་པ་ཚུ་གིས་ ཁོང་གི་ལུགས་སྲོལ་དང་འཁྲིལཝ་ད་ གནག་མེད་ས་མེད་རྣམ་ཏོག་སྦེ་བརྩིས་ཏེ་ མ་གཙངམ་སྦེ་མཐོང་ནུག 3 ༣ ག་ཅི་སྨོ་ཟེར་བ་ཅིན་ ཕ་རུ་ཤི་པ་དང་ཡ་ཧུ་ད་པ་ཆ་ཁྱབ་ རང་གི་ཕ་རིགས་ལས་རང་ འབད་དེ་འོང་མིའི་ ལུགས་སྲོལ་དང་བསྟུན་ཏེ་ ལག་པར་བཅོག་གྲིབ་དགཔ་མ་བཟོ་བར་ བཞེས་སྒོ་མ་ཟ་དོ་ཨིན་མས། 4 ༤ ཁོང་ཁྲོམས་ཁར་ལས་འོང་སྟེ་ ཧེ་མ་ ལགཔ་ཆུ་འཁྱུ་ གཙང་ཏོག་ཏོ་མ་བཟོ་བར་ བཞེས་སྒོ་མ་ཟ་ནི་གི་ ལུགས་སྲོལ་མ་འདྲཝ་ལེ་ཤ་ཁོང་གི་སྲུངམ་ཨིན་མས། 5 ༥ ཕ་རུ་ཤི་པ་དང་ བཀའ་ཁྲིམས་ཀྱི་སློབ་དཔོན་ཚུ་གིས་ ཡེ་ཤུ་ལུ་ ཁྱོད་ཀྱི་སློབ་མ་ཚུ་གིས་ ང་བཅས་ཀྱི་ལམ་ལུགས་སྲོལ་འདི་ཚུ་ བདག་འཛིན་མི་འབད་བས་ཟེར་སླབ་ད། 6 ༦ ཡེ་ཤུ་གིས་ཁོང་ལུ་སླབ་ནུག ལུང་སྟོན་པ་ ཨའི་ཟ་ཡ་གིས་ ལུང་སྟོན་ཀྲིག་ཀྲི་སྦེ་བཤད་དེ་བྲིས་ནུག འ་ནི་མི་ཚུ་ ཁ་གི་རྐྱངམ་ཅིག་ ང་ལུ་གུས་ཞབས་འབད་འོང་ དེ་འབདཝ་ད་ ཁོང་གི་སེམས་འདི་ ང་ལས་ཐག་རིང་སར་ཨིན། 7 ༧ ཁོང་གིས་ང་ལུ་ ཁུངས་མེད་པའི་སེལ་བ་བཏབ་ཏེ་ མི་གིས་སྟོན་མི་ ལུགས་སྲོལ་འདི་ཚུ་ དཀོན་མཆོག་གིས་གསུངས་མིའི་ཆོས་བཟུམ་སྦེ་ མི་ལུ་སྟོནམ་ཨིན་མས་ཟེར་ ལུང་སྟོན་དེ་སྦེ་གསུངས་ནུག 8 ༨ ཁྱེད་ཆ་ཁྱབ་ དཀོན་མཆོག་གི་བཀའ་ཁྲིམས་ལུ་ སྤངས་སྟེ་ མི་གིས་བཟོ་མི་བཀའ་ལུ་གཉན་མས། 9 ༩ ཡེ་ཤུ་གིས་ ཁོང་ཆ་ཁྱབ་ལུ་ རང་གི་ལུགས་སྲོལ་བསྲུང་ནིའི་དོན་ལུ་ དཀོན་མཆོག་གི་བཀའ་ཁྲིམས་ བཀག་བཞག་ནི་འདུག་ཟེར་སླབ་ནུག 10 ༡༠ མོ་སཱེས་ཀྱིས་ རང་ཀྱི་ཕམ་ལུ་ ཚིག་ངན་སླབ་སྟེ་རྒོལ་མི་འདི་ ཐད་རི་བ་རི་ཤི་དོ་ཟེར་གསུངས་ནུག 11 ༡༡ དེ་འབདཝ་ད་ ཁྱོད་ཀྱི་སླབ་མས་ ཨ་པ་དང་ཨའི་ལུ་བྱིན་མི་འདི་ དཀོན་མཆོག་ལུ་བྱིན་བྱིནམ་བཟུམ་ཨིན། 12 ༡༢ ཁྱོད་ཀྱི་མི་ལུ་ རང་གི་ཕམ་ལུ་བྱིན་དགོཔ་འདི་ ཁྱོད་ཀྱི་བྱིན་མ་བཅུག་པས། 13 ༡༣ དཔེ་འདི་བཟུམ་སྦེ་ར་ ཁྱོད་ཆ་ཁྱབ་ཀྱིས་ མི་གཞན་གྱི་སླབ་མི་གི་ཐོགས་ལས་སྦེ་ དཀོན་མཆོག་གི་བཀའ་ཁྲིམས་ལུ་མེདཔ་བཏང་སྟེ་ འདི་བཟུམ་སྦེ་ ལཱ་མ་འདྲཝ་གཞན་ལེ་ཤ་ ཁྱོད་ཀྱི་འབདཝ་ཨིན་མས་ཟེར་ཡེ་ཤུ་གིས་གསུངས་ནུག 14 ༡༤ མི་ག་ར་ལུ་ཡེ་ཤུ་གིས་འབོ་སྦེ་ ང་གི་སླབ་མིའི་བློ་འདི་ ཧ་གོ་དགོ་ཟེར་གསུངས་ནུག 15 ༡༥ ཕྱི་ཁར་ཟ་མིའི་འདི་གི་ མ་ཙམས་བཟོ་མི་ཚུགས་ དེ་འབདཝ་ད་ སེམསས་ཁར་ལས་ཐོན་མི་ཚིག་འདི་གི་ ཟིགཔ་བཟོ་འོང། 16 ༡༦ ཡེ་ཤུ་གིས་མངས་ལུ་ ག་ག་ལུ་རྣམ་བཅོ་ཡོད་མི་འདི་གིས་ གཉན་ཟེར་གསུངས་ནུག 17 ༡༧ དེ་ལས་ཡེ་ཤུ་གཟིམས་བཅུང་ནང་ཕེདཔ་ད་ ཁོ་རདི་སློབ་མ་ཚུ་གིས་ སྤྱོད་བཏམ་ཚུ་གི་སྐོར་ལས་འདྲི་བ་སྐོད་ནུག 18 ༡༨ ཡེ་ཤུ་གིས་ཁོང་ཚུ་ལུ་ ཁྱོད་ཚུ་གིས་ད་ལྟོ་ཡང་ འདི་དཔྱེ་གཏམ་མ་གོ་ག ཕྱི་ཁར་ཟ་མི་ཚུ་གིས་ མ་ཙམས་ཟོ་མི་ཚུགས་ དེ་འབདཝ་ད་ སེམས་ཁར་ལས་ཐོན་མི་ཚིག་འདི་གི་ ཟོགཔ་ཟོ་འོང་ཟེར་གསུངས་ནུག 19 ༡༩ བཞེས་སྒོ་འདི་ ང་བཅས་ཀྱི་སེམས་ནང་མི་འཛུལ་ ཁོག་པའི་ནང་ལས་ཕྱི་ཁར་ འཐོན་འགྱོཝ་ཨིན་ཟེར་གསུངས་སྦེ་ བཞེས་སྒོ་ག་ར་ཞེས་བཏུབ་ཨིན་ཟེར་གསུངས་ནུག 20 ༢༠ མི་གི་ཁ་ནང་ལས་འཐོན་འོང་མི་འདི་གི་ མི་ལུ་མ་གཙངམ་བཟོཝ་ཨིན་ཟེར་གསུངས་ནུག 21 ༢༡ ག་ཅི་འབད་ཟེར་བ་ཅིན་ མི་གགི་སེམས་ཁར་ལས་འདི་ ཨརཝ་བརྐུ་ནི་ མི་བསད་ནི་ ལུས་འབྲེལ་འབད་ནི་ 22 ༢༢ དམ་ཚིག་མ་བསུང་ནི་ བརྣབ་སེམས་གནོད་སེམས་བསྐྱལ་ནི་ མགུ་སྐོར་རྐྱབ་ནི་ མིག་ཏོ་ཚ་ནི་ ཚག་རྐེ་ནི་ སྐུར་པ་བཏང་ནི་ པ་མཉམ་བསྐྱལ་ནི་ 23 ༢༣ བྱ་བ་ངན་པ་འདི་ཚུ་ མི་གི་སེམས་ལས་འཐོན་འོང་མི་འདི་གི་ མི་ལུ་མ་གཙངམ་ཟོཝ་ཨིན། 24 ༢༤ དེ་ལས་ཡེ་ཤུ་ འདི་ས་སྒོ་ལས་ཐོན་འདི་ སི་དོན་ལུ་འགྱོ་སྦེ་ ཁྱིམ་གཅིག་ནང་སྡོད་ནུག 25 ༢༥ འདྲེ་འཛུལ་མི་བུམོ་འདི་གི་ཨའི་ ཡེ་ཤུ་འབད་སར་འོང་སྦེ་ ཡེ་ཤུ་གི་རྐངམ་གུ་གསོལཝ་བཏབ་ནུག 26 ༢༦ བུམོ་གི་ཨའི་འདི་གི་རིག་ཨིན་མས་ དེ་ལས་མོ་གི་ཡེ་ཤུ་ལུ་ཞུ་ནུག་ ངེའི་བུམོ་ནང་ལས་འདྲེ་སྟོན་བཏང་གནང་ཟེར། 27 ༢༧ ཁོ་གིས་གསུངས་ནུག་ མོ་ལུ་ཧེ་མར་ ཨ་ལོ་ལུ་བྱིན་དགོ་མི་འདི་ཚུ་བྱིན་ དེ་ལས་ ཨ་ལོ་གི་ཟ་དགོ་མི་འདི་རོ་ཁྱི་ལུ་མ་བྱིན། 28 ༢༨ ཨིན་རུང་ རོ་ཁྱི་གི་ཡང་ས་ཁར་བྱིན་མི་འདི་ ཟ་འོང་ཟེར་ཡེ་ཤུ་ལུ་ཞུ་ནུག 29 ༢༩ ད་ལོག་འགྱོ་ ཁྱོད་ཀྱི་དེ་འབད་སླབ་ནི་འདི་གི་ ཁྱོད་ཀྱི་བུམོ་ལས་འདྲེ་ཐོན་འགྱོ་ཡི་ཟེར་གསུངས་ནུག 30 ༣༠ མོ་ཁྱིམ་ནང་ལོག་ལྷོདཔ་ད་ བུམོ་འདི་ལུ་ཡོད་མི་འདྲེ་འདི་ཐོན་ཡར་ས་ནུག 31 ༣༡ དེ་ལས་ད་རུང་ཡེ་ཤུ་ ཀྲ་ཡར་ལས་ཐོན་འདི་ དྲི་ཀ་པོ་ལིས་ཟེར་མི་གཡུས་ཚན་གཅིག་ནང་འགྱོ་ནུག 32 ༣༢ ཁོང་གིས་ཁོ་འབད་སར་ རྣམ་ཅོ་མ་གོ་མི་དང་ བློ་ལེགས་ཤོམ་སྦེ་སླབ་མ་ཤེས་མི་གཅིག་འཁྱིད་འོང་སྟེ་ ཡེ་ཤུ་ལུ་ཕྱག་བཀལ་གནང་ཟེར་གསོལ་བ་བཏབ་ནུག 33 ༣༣ ཁོ་གིས མི་ག་ཡང་མེད་པའི་ས་སྒོ་ནང་བག་སྟེ་ ཡེ་ཤུ་གིས་བཛུམ་མོ་འདི་ ནདཔ་གི་རྣམ་ཅོ་ལུ་བཙུགས་སྟེ་ དེ་ལས་ཚིལ་མ་ཀོ་སྟེ་ ཁོ་གིས་ལྕེ་ལུ་རེག་ཚོར་འབད་ནུག 34 ༣༤ དེ་ལས་ཁོ་གིས་ ཞིང་ཁམས་ལུ་ ཨེ་ཕ་ཐ་ཟེར་ཞུ་ནུག 35 ༣༥ དེ་འཕྲོ་ལས་ ཁོ་གི་རྣམ་ཅོ་འདི་གོ་ཡི་ དེ་ལས་བློ་ཡང་ལེགས་ཤོམ་སྦེ་སླབ་ནུག 36 ༣༦ ཡེ་ཤུ་གིས་ འ་ནི་འདི་ག་ལུ་ཡང་མ་སླབ་ཟེར་ བཀའ་གནང་ནུག ཨིན་རུང་ མི་འདི་ཚུ་གིས་ཧེངས་བཀོད་ མམ་ལུ་སླབ་ནུག 37 ༣༧ ཁོང་འདི་ཚུ་ཧ་ལས་སྟེ་ དེ་སྦེ་སླབ་ནུག་ ཁོ་གིས་ལཱ་ག་ར་ལེགས་ཤོམ་འབདཝ་མས། རྣམ་ཅོ་མ་གོ་མི་དང་ བློ་སླབ་མ་ཚུགས་མི་ལུ་ཡང་ དྲདཔ་མཛད་ཚུགས་པས།