མཱར་ཀུ་ལིའུ་༡༡

མཱར་ཀུ་ལིའུ་བཅུ་གཅིག་ 1 ༡ ཁོང་ཡེ་རུ་ཤ་ལེམ་ལུ་འབྱོནམ་ད་ཨ་རུ་ར་ཤིང་གི་སྒང་གུ་ཡོད་མི་གཡུས་ཚན་བཱེད་ཕ་གེ་དང་བེ་ཐ་ནི་ཡ་ལུ་ཕབེས་ད་ཁོ་རང་གི་སློབ་མ་གཉིས་གཏང་ནུག། 2 ༢ དེ་ལས་ང་བཙས་གི་གདོང་ཁར་ཡོད་མི་གཡུས་ཚན་འདི་ན་སོང་ཕར་ལྷོདཔ་ད་དེ་འཕྲོ་ལས་ཁྱོུད་གི་དུས་ནམས་ཡ་མ་བཞོན་མའི་བོང་ཀུ་ཐགཔ་བཏགས་བཞག་མི་གཅིག་མཐོང་འོང་འདི་ཐགཔ་འཁྱལ་ཞིམ་ལས་ན་འཁྱིད་ཤོ་ཟེར་གསུངས་ནུག། 3 ༣ ག་དེམ་ཅི་འབད་མི་གི་ག་ཅི་འབད་སྡེད་འབདཝ་སམོ་ཟེར་བ་ཅིན་གཙོ་བོ་ལུ་ཁག་ཆེ་བས་དེ་ལས་ཁོ་གི་འབྱོགས་བ་ར་ལོགས་གཏང་ནི་ཨིན་ཟེར་གསུང་ཡི། 4 ༤ དེ་ལས་སློབ་མ་གཉིས་སོངམ་ད་བོང་ཀུ་འདི་ཁྲོམ་ལམ་གི་ཁྱིམ་གཅིག་གི་ཕྱི་ཁ་མདུད་ཕུང་བཏབ་བཞག་ས་མཐོང་ནུག་ ཁོང་གཉིས་གི་ཐགཔ་འདི་འབྱོལ་ནུག་ 5 ༥ དེ་ཁར་ལོང་སྡོད་མི་ཚུ་གི་ག་ཅི་འབདཝ་སྨོ་བོང་ཀུ་འདི་ག་ཅི་འཁྱེལཝ་སྨོ? 6 ༦ ཁོང་གཉིས་གི་ཡི་ཤུ་གསུངས་དོ་བཟུམ་འབད་ར་སླབ་ནུ་ དེ་ལས་ཁོང་མི་ཚུ་གི་གཏང་ནུག་ 7 ༧ སློབ་མ་གཉིས་གི་བོང་ཀུ་འདི་ཡེ་ཤུ་གི་སྐུ་མདུན་ལུ་འཁྱིད་བཀལ་སྦེ་ཁོང་ར་གི་གོ་ལ་བོང་ཀུ་དེ་གུ་སྒ་ཁོབས་རྐྱབས་ཏེ་ཡེ་ཤུ་དེ་གུ་བཞོན་ནུ། 8 ༨ མི་མངས་ཤོ་ཅི་གི་ཡེ་ཤུ་འབྱོན་སའི་ལམ་ཁ་ལུ་ ཁོང་ར་གི་གོ་ལ་འཐིང་ ལ་ལུ་གི་གཞིང་ཁར་ལས་ཤིང་གི་ཞལ་ལག་ཚུ་སྟོག་འབད་འཐིང་ནུ་ 9 ༩ ཡེ་ཤུ་གི་སྐུ་མདུན་ལས་འབྱོན་མི་དང་སྐུ་རྒྱབ་ལས་འོང་མིའི་ག་ར་གི་ཧོ་སཱན་ན་གཅོ་བོ་གི་མཚན་ན་བྱོནམ་མི་འདི་བྱིན་རླབས་ཅན་ཅི་ཨིན་། 10 ༡༠ ང་བཅས་ཀྱི་ཕ་རྒྱལཔོ་ད་བདི་ཀྱི་རྒྱལ་སྲིད་ལུ་བྱིན་སླབ་གནང་བར་ཤོག་མཐོ་བའི་ཞིང་ཁམས་ལུ་བཞུགས་མི་ག་ར་ལུ་ ཧོ་སཱ་ན་ཟིར་སྐད་རྐྱབས་ཏེ་སོང་ནུག། 11 ༡༡ ཡེ་ཤུ་ཡ་རུ་ཤ་ལེམ་ལུ་ཕེབས་ད་མཆོད་ཁང་ནང་བྱོན་ཏེ་ཕར་དང་ཚུ་ག་ར་ལུ་གཟོགས་ནུག། གནམ་ཕྱ་ིསོང་ནི་འདི་གི་ཡེ་ཤུ་ལོ་ཁོ་རའི་སློབ་མ་བཅུ་གཉིག་དང་ཅི་ཁར་བེ་ཐ་ནིཡ་གཡུས་ཚན་ནང་བྱོན་ནུག་ 12 ༡༢ འདི་གི་ནམས་པ་ཡེ་ཤུ་དང་ཁོ་རའི་སློ་མ་ཚུ་ བེ་ཐ་ནིཡ་གཡུས་ཚན་ན་ལས་ལོག་འབྱོན་ད་ཡེ་ཤུ་གསོལཝ་སྨྱུང་ཏེ། 13 ༡༣ ཐག་རིངས་ལས་འདབ་མ་ལེགས་ཤ་ཡོད་མའི་ཅོང་སེ་ཤིང་གཅིག་གཟིགས་ཏེ་ཤིང་འདི་གུ་ལུ་ཤང་འབྲས་མ་ག་ཟེར་ཐུགས་བསམ་ཞེས་ཏེ་སྦོ་ལོགས་ཁར་འབྱོནམ་ད་ཤིང་འདི་དགོ་མ་བཏག་ནི་གི་དུས་ཚོད་མེད་ནི་འདི་གི་ཤིང་གུ་ལུ་འདབ་མ་མ་གཏོགས་གཞན་ག་ནི་ཡང་མ་ཐོབ་པས། 14 ༡༤ ཡེ་ཤུ་གི་ཤིང་འདི་ལུ་དུ་ད་རེས་ལས་འགོ་བཅུགས་ཏེ་ཁྱོད་ལས་ཤུང་འབྲས་གནམ་ཡང་མི་གི་ཡང་བཟའ་མ་བཅུག་ཟེར་གསུངསམ་ད་ཁོརའི་སློབ་མཚུ་གི་རྣ་བ་གོ་ནུག། 15 ༡༥ ཁོང་ཡ་རུ་ཤ་ལེམ་ལུ་ཕེབས་ད་མཆོད་ཁང་ན་འབྱོན་སྟེ་ཆོང་བཙོང་མི་དང་ཉོ་མི་ཚུ་ཕྱི་ཁར་བཏོན་གཏང་ནུག་ དེ་ལས་དངུལ་བརྗེ་ལོག་གྱི་ཚོང་རྐྱབ་མིའི་ཅིཁ་སྒོམ་དང་བྱཐི་ལི་རྒྱལམོ་གི་ཚོང་རྐྱབ་མིའི་རྐང་ཁྲི་་འདི་ཚུ་ག་ར་ལྷོག་བཀོག་ནུག 16 ༡༦ ཡེ་ཤུ་གི་མི་ག་ར་ལུ་ད་རུ་ལོགས་སྟེ་ཕར་ཚུར་འབྱོ་སྟེ་ཅ་ལ་ ག་ཅི་ཡང་སོགས་འབད་འགྱུ་ནི་མེད་ཟེར་བཀའ་གནང་ནུག་། 17 ༡༧ དེ་ལས་ཡེ་ཤུ་ག་ིཁོང་ལུ་ཆོས་སྟོན་གནང་སྟེ་གསུང་རབ་ན་དཀོན་མཆོག་གི་ ངེ་གི་ཁྱིམ་འདི་མི་ག་ར་གི་དོན་ལུ་སྨོན་ལམ་བཏབ་སའི་ཁྱིམ་ཨིན་ཟེར་ འབྲིས་ཏེ་མིན་འདུག་ག? དེ་འབདཝ་ཁྱོད་ཚུ་ཀི་ཨརཝ་གི་ཚང་བཟུམ་འབད་བཟོ་བཞག་ནུག། 18 ༡༨ བླ་ཆེན་དང་བཀའ་ཁྲིམས་གི་སློབ་དཔོན་ཚུ་དེ་གོཝ་ད་ཁོང་གིས་ཡེ་ཤུ་ཀྲོང་ནིའི་གནང་སྐབས་སྒྱིབ་སྡོད་ནུག་དེ་འབདཝ་ད་ཁོང་ཡེ་ཤུ་ལུ་བལྟ་འབད་འདྲོགས་ནུག་ག་ཅི་འབད་ཟེར་བ་ཅིན་མི་ག་ར་ཡེ་ཤུ་གི་སྟོན་གནང་མའི་ཆོས་ལུ་བལྟ་སྟེ་ཧ་ལསཔ་ཨིན་མས། 19 ༡༩ ཡེ་ཤུ་དང་ཁོ་རའི་སློབ་མ་ཚུ་ནམ་སྲོ་ནི་འབདཝ་ད་ཁྲོམ་གྱི་ཕྱི་ཁར་ཐོན་ནུག་ 20 ༢༠ དེ་གི་ནངས་པ་དྲོ་པ་ཡེ་ཤུ་དང་ཁོ་རའི་སློབ་མ་ལམ་འདི་ལས་རང་ལོག་འབྱོན་མ་ད་ཧེ་མ་གི་ཅོང་སེ་ཤིང་འདི་ར་ཏོ་ལས་ར་སྐམ་སོངམ་ཁོང་གིས་མཐོང་ནུག་ 21 ༢༡ པི་ཀྲོ་གི་སེམས་ཁར་དྲན་ཏེ་ཡེ་ཤུ་ལུ་དེ་འབད་བཞུག་ནུ་ རབ་བི་གཟིགས་ལགས་ནཱ་ནི་ཐུགས་སྨོན་གནང་མིའི་ཤིང་འདི་ ར་ཏོ་ལས་རང་སྐམ་སོང་ནུག་ 22 ༢༢ ཡེ་ཤུ་གི་དེའི་ལན་ལུ་དཀོན་མཆོག་ལུ་དད་སྐྱེད་ 23 ༢༣ ཡེ་ཤུ་གི་དེ་འབད་གསུངས་ནུག་ང་ཁྱོད་ལུ་དོན་དག་ར་སླབ་དོ་མི་ག་འབད་རུ་རང་གི་སེམས་ཁར་ཐེ་ཚོམ་མ་བསྐྱད་པ་རང་གི་དོན་དག་གྲུབ་ཚུུགས་མནོ་སྟེ་ཨ་ནི་སྒང་འདི་ལུ་མ་རྒྱམ་མཚོ་ནང་མཆོངས་ཟེར་སླབ་པ་ཅིན་འདི་ཐད་རི་བ་རི་དོན་ད་གྲུབ་འོང་ཟེར་གསུངས་ནུག་ 24 ༢༤ དེ་གི་འབད་ང་གི་སླབ་དོ་ཁྱོད་གི་སྨོན་ལམ་ན་ ག་ཅི་ར་ཞུ་རུང་འདི་ག་ར་ཁྱོད་གི་ཐོབ་ཅི་ཟེར་དད་པ་བསྐྱེད་པ་ཅིན་ཁྱོད་གི་ཞུ་མི་འདི་ག་ར་གནང་འོང་ 25 ༢༥ ད་རུང་ཁྱོདཀྱི་པར་ལོས་འབད་སྨོན་ལམ་ཞུ་ ད་མི་གཞན་གི་ཁྱོད་ལུ་ཟོགཔ་ག་ཅི་ར་འབད་རུང་སེམས་ཁར་མ་བཞག་པར་བཀའ་དྲིན་བསྐྱང་དེ་ལས་ཞིང་ཁམས་ལུ་བཞུཁས་མི་ཡབ་དཀོན་མཆོག་གི་ཡང་ཁྱོད་ཀྱི་སྡིག་པ་འདི་ལུ་བཀའ་དྲིན་བསྐྱང་འོང་ཟེར་གསུངས་ནུག་ 26 ༢༦ ད་རུང་དེ་འབད་གསུངས་ནུག་ག་དེམ་ཅི་འབད་ཁྱོད་གི་མི་གཞན་གི་སྡིད་པ་ལུ་བཀའ་དྲིན་བསྐྱབང་འོང་ཟེར་གསུངས་ནུག་ 27 ༢༧ ད་རུང་ཡེ་ཤུ་དང་ཁོ་གི་སློབ་མ་ཚུ་ཡ་རུ་ཤ་ལེམ་ལུ་ལོགས་འབྱོནམ་ནུག་ ཡེ་ཤུ་ཆོས་ཁང་ནང་བྱོནམ་ད་བླ་ཆོན་དང་བཀའ་ཁྲིམས་གི་སློབ་དཔོན་དེ་ལས་གཡུས་ཁའི་རྒན་ཤོ་ཚུ་ག་ར་ཁོ་གི་སྐུ་འདོན་ལུ་བཅའ་ནུག་ 28 ༢༨ ཁོང་འདི་ཚུ་གི་ཡེ་ཤུ་ལུ་ཁྱོད་ག་ཅི་གི་དབང་ཚད་གི་འབད་འདི་བཟུམ་འབདཝ་སྨོ་དེ་ལས་ཁྱོད་ལུ་དེ་བཟུམ་འབད་ནི་གི་དབང་ཚད་ག་གི་བྱིན་བྱིནམ་ཟེར་ཞུ་ནུག། 29 ༢༩ དེ་ལས་ཡེ་ཤུ་གི་ཁོང་གི་ལན་ལུ་དེ་འབད་གསུངས་ནུག་ང་གི་ཁྱོད་ལུ་འབྲི་བ་གཅིག་འབྲ་གེ་ འདི་ཁྱོད་གྱི་ང་ལུ་ལན་སླབ་དེ་ལས་ང་གི་ཁྱོད་ལུ་ག་གི་དབང་ཚད་གི་འབད་ འབདཝ་ཨིན་ན་ང་གི་སླབ་འོང་ 30 ༣༠ འཁྲུལ་གལས་འབད་མི་ཡོ་ཧཱ་ན་འདི་ཞིང་ཁམས་ལས་དབང་ཚད་ཐོབ་ཐོབ་སྨོ? ང་ལུ་ཁྱོད་གི་ལན་སླབ་ཟེར་གསུངས་ནུག་ 31 ༣༡ དེ་ལས་ཁོང་ཚུ་ཁོང་རའི་བར་ན་བསྟུན་གྲོས་རྐྱབ་འབད་ཁ་བཤོས་རྐྱབ་དེ་ལས་ང་བཅས་ལུ་ག་ཅི་འབད་ཁོ་ལུ་འདོན་འཛི་མ་རི་བ་སྨོ་ཟེར་སླབ་ནུག་ 32 ༣༢ ང་བཅས་ཡོ་ཧཱ་ན་འདི་མི་ལས་བ་ཅིན་མི་བཏུབ་ཟེར་སླབ་ནུག་གི་ཅི་འབད་ཟེར་བ་ཅིན་ཁོ་མི་མངས་ལུ་བལྷ་སྟེ་དྲོག་པ་ཨིན་མས་ཡོ་ཧཱ་ན་འདི་མི་ག་ར་གི་ཁོ་ལུ་དེ་ལས་རང་ལུང་སྟོན་གཅིག་འབད་ཆ་བཞགཔ་ནུག་ 33 ༣༣ དེ་ལས་ཁོང་གི་ཡེ་ཤུ་ལུ་འདི་གི་ལན་ང་བཅས་གི་མི་ཤེས་ཟེར་སླབ་ནུག་དེ་ལས་ཡེ་ཤུ་གི་ཡང་ཁྱོད་གི་ལན་མ་ཤེགས་པ་ཅིན་ང་ཡང་ག་གི་དབང་ཚད་གི་འབད་བཟུམ་འབདཝ་ཨིན་ན་ཁྱོད་ལུ་མི་སླབ