མཱར་ཀུ་ལིའུ་ ༡༠།

1 ༡ ཡེ་ཤུ་དེ་ས་གོ་བཀོག་བཞག་འབད་ ཡུ་དེ་ཡ་གི་ལུང་ཕྱོགས་ལས་སྦེ་ གཙང་ཆུ་ཡོར་དཱན་བརྒལ་ཏེ་འབྱོནམ་ད་ ད་རུང་མི་དམངས་ཁོ་འབད་ས་འཛོམས་ནུག རྟག་བུ་རང་ ཆོས་སྟོན་དོ་བཟུམ་སྦེ་ ལོག་ཏེ་ར་སྟོན་གནང་ནུག 2 ༢ དེ་གི་ཤུལ་ལས་ ཕ་རུ་ཤི་པ་འོང་ཏེ་ ཁོ་ལུ་ཐུགས་ཚོད་བལྟ་ནི་གི་དོན་ལུ་ དེ་འབད་བློ་འདྲི་ནུག "རང་གི་ཨམ་སྲུ་དང་གཅིག་ཁར་ ཁ་འབྱལ་ཏེ་སྡོད་ཆོག་ག?"ཟེར། 3 ༣ ཁོ་གི་ལེན་གསུངས་ནུག "མོ་ས་གིས་ཁྱོད་ལུ་ག་ཅི་བཀའ་རྒྱ་གནང་ཡི?"ཟེར། 4 ༤ ཁོང་ཚུ་གིས་སླབ་ནུག "མོ་ས་གིས་ ལག་ཁྱེར་ནང་ན་ ཁ་འབྱལ་བའི་ཡིག་ཐི་བྲིས་ཏེ་ མོ་ལུ་གཏང"ཟེར། 5 ༥ ག་ཅི་སྨོ་ཟེར་བ་ཅིན་ ཁྱོད་ཀྱི་སེམས་སྲ་ཀྲག་འབད་ནི་འདི་གིས་ མོ་ས་གིས་ བཀའ་ཁྲིམས་འདི་བྲིས་བཞག་ནུག་ཟེར་ ཁོང་ལུ་སླབ་ནུག 6 ༦ དེ་འབདཝ་ད་ གོ་དང་པ་མཛད་པའི་སྒང་ལས་རང་ དཀོན་མཆོག་གིས་ཕོ་དང་མོ་ཟེར་ བཟོ་གནང་ནུག 7 ༧ འདི་འབད་ནི་འདི་གི་ བུ་འདི་གིས་ ཁོང་རའི་ཨ་པ་བཀོ་བཞག་འོང། དེ་ལས་ ཨའི་གིས་མོ་རའི་རྣམ་དང་གཅིག་ཁར་ མཐུན་ལམ་བཞག་འོང། 8 ༨ དེ་ལས་ཁོང་གཉིས་ གཟུགས་གཅིག་འབད་འགྱོ་འོང། ད་ ཁོང་གཉིས་འབད་མེན་པ་ གཅིག་ལུ་འགྱུར་ཡི། 9 ༩ འ་ནི་འབད་ནི་འདི་གི་ དཀོན་མཆོག་གིས་ གཅིག་ཁར་བསྡོམ་གནང་མི་འདི་ ག་ར་འབད་རུང་ ཁ་ འབྱལ་མི་ཆོག་ཟེར་གསུངས་ནུག 10 ༡༠ ཁོང་ཚུ་ཁྱིམ་ནང་ན་སྡོད་པའི་སྐབས་ལུ་ ཁོ་གི་སློབ་མ་གིས་ འདི་གི་སྐོར་ལས་ལོག་ཏེ་ར་ བློ་འདི་འདྲི་ནུག 11 ༡༡ ཁོ་གིས་ཁོང་ཚུ་ལུ་གསུངས་ནུག ག་གི་འབད་རུང་ ཁོང་ཁོ་རའི་ཨམ་སྲུ་གཅིག་ཁར་ཁ་འབྱལ་ཏེ་ ཨམ་སྲུ་གཞོན་མི་གཅིག་ཁར་གཉེན་བརྐྱབས་པ་ཅིན་ འདི་མི་འདི་ གཉེན་གྲོགས་ཀྱི་དམ་ཚིག་ མ་བསྟེན་མི་འབད་བརྩིའུ་ཨིན། 12 ༡༢ འདི་བཟུམ་འབད་ མོ་གིས་ཡང་ རྨགཔ་གཅིག་ཁར་ཁ་འབྱལ་ཏེ་ གཞོན་གཅིག་ཁར་གཉེན་བརྐྱབས་པ་ཅིན་ མོ་ཡང་ གཉེན་གྲོགས་ལུ་དམ་ཚིག་མ་བསྟེན་མི་འབད་བརྩིའུ་ཨིན། 13 ༡༣ དེ་ལས་ཁོང་གི་ཁོང་རའི་ཨ་ལུ་ཆུང་ཀུ་འདི་ ཁོ་འབད་ས་འབག་འོངམ་ད་ ཁོ་གི་སློབ་མ་ཚུ་གིས་ཁོང་ལུ་ ཚ་བརྡ་གནང་ནུག 14 ༡༤ དེ་འབདཝ་ད་ ཡོ་ཤུ་གི་ལྟཝ་ད་ ཁོ་དགོངམ་ཁྲེལ་ས་མཐོང་ཏེ་ ཁོ་གི་ཁོང་ལུ་སླབ་ནུག འདི་ཨ་ལུ་ཆུང་ཀུ་ ང་འབད་ས་གཏང། དེ་ལས་ ཁོང་ཚུ་ལུ་བཀག་མ་རྐྱབས་ དཀོན་མཆོག་ དཀོན་མཆོག་གི་རྒྱལ་སྲིད་འདི་ འདི་བཟུམ་མི་ཚུ་གི་དོན་ལུ་ཨིན་ཟེར། 15 ༡༥ ང་གིས་དོན་ལས་ར་སླབ་དོ་ ག་འབད་རུང་ ཨ་ལོ་ཆུང་ཀུ་བཟུམ་སྦེ་ ཁས་མ་ལེན་པ་ཅིན་ དཀོན་མཆོག་གི་རྒྱལ་སྲིད་ནང་ འཛུལ་མི་ཚུགས། 16 ༡༦ དེ་ལས་ ཁོ་གིས་ཨ་ལོ་ཆུང་ཀུ་ ཁོ་གི་ཕངས་མ་བཞག་སྦེ་ བྱིན་རླབས་གནང་ནུག 17 ༡༧ ཁོ་འགྱོ་སྡོད་པའི་བར་ན་ མི་གཅིག་བརྒྱུགས་འོང་ཏེ་ སྤུ་མོ་ས་ཁར་བཙུགས་ཏེ་ ཁོ་ལུ་ དེ་སྦེ་སླབ་ནུག སློབ་དཔོན་བཟང་པོ་ལགས་ ཚེ་མཐའ་མེད་པའི་ཚེ་འཐོབ་ནི་གི་དོན་ལུ་ ང་གིས་ག་ཅི་འབད་དགོཔ་སྨོ་ཟེར། 18 ༡༨ ཡེ་ཤུ་གིས་གསུངས་ནུག་ ང་ལུ་ག་ཅི་སྦེ་བཟང་པོ་ཟེར་སླབ་སྨོ དཀོན་མཆོག་རྐྱངམ་གཅིག་མ་གཏོགས་གཞོན་ག་ཡང་བཟང་པོ་མེད། 19 ༡༩ ཁྱོད་ཀྱིས་ དཀའ་རྒྱ་ཚུ་ཤེས་མེད་ན མི་མ་བསད། གཉེན་ལས་རྒྱལ་བའི་ལཱ་མ་འབད། ཨརཝ་མ་བརྐུ། བདེན་པ་མེད་མི་ལུ་ འཛོམས་པ་མ་འབད། མགུ་སྐོར་མ་རྐྱབ། དེ་ལས་ ཁྱོད་རང་གི་ ཨ་པ་དང་ཨའི་ལུ་གུས་ཞབས་འབད། 20 ༢༠ སློབ་དཔོན་ འདི་ཚུ་ག་ར་ ང་ན་གཞོན་འབད་སྡོད་པའི་སྐབས་ལས་ར་ འདི་ཚུ་གཉན་ཏེ་ར་འོང་ཡི། 21 ༢༡ ཡེ་ཤུ་གིས་ཁོ་ལུ་བལྟ་སྟེ་ སེམས་དགའ་སྦེ་ཁོ་ལུ་སླབ་ནུག ཁྱོད་དཀོན་ག་ནི་ཡང་ མེད་མི་ཨིན་མས། ཁྱོད་ལུ་ཡོད་མི་ག་ར་བརྩོང་སྟེ་ མི་སྤྱང་ཀ་ལུ་བྱིན་ དེ་ལས་ ང་གི་རྟིང་བདའ་ཤོག ཁྱོད་ཀྱི་དོན་ལུ་ བང་མཛོད་ཚུ་ཞིང་ཁམས་ནང་ཡོད། 22 ༢༢ དེ་འབདཝ་ད་ འ་ནི་བློ་ལུ་ཁོ་སེམས་མ་དགའ་བ་སྦེ་འགྱོ་ནུག ག་ཅི་སྨོ་ཟེར་བ་ཅིན་ ཁོ་ལུ་རྒྱུ་ནོར་ལེ་ཤ་འདུག 23 ༢༣ ཡེ་ཤུ་གིས་མཐའ་འཁོར་ལུ་བལྟ་སྟེ་ ཁོ་རའི་སློབ་མ་ཚུ་ལུ་སླབ་ནུག མི་ཕྱུགཔ་འདི་ཚུ་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནི་འདི་ གནག་མེད་ས་མེད་ལ་ཁག་རྐྱབ་མས། 24 ༢༤ དེ་ལས་སློབ་མ་ཚུ་འདི་ ཚིག་ལུ་བལྟ་སྟེ་ ཧ་ལས་ནུག དེ་འབདཝ་ད་ ཡེ་ཤུ་གིས་ཁོང་ལུ་ལོག་སྟེ་སླབ་བྱིན་ནུག ཨ་ལོ་ཚུ་ དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནི་གི་དོན་ལུ་ ག་ཅི་འབད་ལ་ཁག་གཏངམ་ཨིན་ན། 25 ༢༥ མི་ཕྱུགཔ་ཚུ་དཀོན་མཆོག་གི་རྒྱལ་སྲིད་ནང་འཛུལ་ནི་ལས་ རྔ་མོང་ཁབ་ཀྱི་ལུང་ནང་འཛུལ་ནི་འདི་འཇམ་པས། 26 ༢༦ ཁོང་ཚུ་ འདི་ཚིག་ལུ་བལྟ་སྟེ་ ཧ་ལས་ནུག དེ་ལས་ ཁོང་ར་གཅིག་གི་གཅིག་ལུ་ དེ་སྦེ་སླབ་ནུག ག་གིས་བསྐྱབས་མཛད་ཚུགསཔ་སྨོ་ཟེར། 27 ༢༧ ཡེ་ཤུ་གིས་ཁོང་ལུ་བལྟ་སྟེ་སླབ་ནུག མི་ཚུ་ལུ་ལ་ཁག་ཡོད། དེ་འབདཝ་ད་དཀོན་མཆོག་ལུ་ ག་ཆི་ར་འབད་རུང་ ལ་ཁག་ག་ནི་ཡང་མེད། 28 ༢༨ པེ་ཏྲོ་གིས་ དེ་སྦེ་སླབ་ནི་གོ་བཙུགས་ནུག ནཱ་ལུ་གཟིགས་ལགས་ ང་བཅས་ཚུ་ ག་ར་བཀོ་བཞག་སྦེ་ ཁྱོད་ཀྱི་རྟིང་བདག་འོང་ཡི། 29 ༢༩ ཡེ་ཤུ་གིས་གསུངས་ནུག ང་གི་དོན་དག་ར་སླབ་དོ་ མི་ག་གི་ རང་གི་ ཕོ་རྒནམ་དང་ནུ་གཅུང། ཨ་ཞེམོ་དང་སྲིངམོ། ཨ་པ་དང་ཨའི རང་གི་བུ་དང་བུམོ། དེ་ལས་ ས་གཞི་འདི་ཚུ་ ང་དང་ངེའི་གཏམ་བཟང་གི་དོན་ལུ་ སྤངས་མི་ག་ཡང་མེད། 30 ༣༠ ད་ལྟོ་གི་འཛམ་གླིང་ནང་ལུ་ ཚེ་མཐའ་མེད་པའི་མི་ཚེ་ནང་ལུ་ སྡུག་བསྔལ་མྱོང་དགོ་སྟེ་འབད་རུང་ ཤུལ་མ་འབྲས་བུ་འདི་ ལོག་སྟེ་ ཁྱིམ་དང་ ཕོ་རྒནམ་དང་ནུ་གཅུང་ ཨ་པ་དང་ཨའི་ ཨ་ཞེམོ་དང་སྲིངམོ་ བུ་དང་བུམོ་ དེ་ལས་ ས་གཞི་ཚུ་ག་ར་ བརྒྱ་ལས་བརྒྱ་ཆ་སྦེ་ཐོབ། 31 ༣༡ དེ་འབདཝ་ད་ མང་ཤོག་ཅིག་ར་ དང་པ་འཐེན་མི་འདི་གི་མཇུག་དང་ མཇུག་ལུ་ཡོད་མི་འདི་གི་ ཨང་དང་པ་འཐེན་འོང། 32 ༣༢ ཁོང་ཚུ་ལམ་ལས་སྦེ་ ཡེ་རུ་ཤ་ལེམ་ལུ་འགྱོཝ་ད་ ཡེ་ཤུ་ཁོང་གི་ཧེ་མ་ཧེ་མ་འགྱོ་ནུག འདི་ལུ་བལྟ་སྟེ་སློབ་མ་ཚུ་ཧ་ལས་ནུག དེ་འབདཝ་ད་ ཁོང་གིས་རྟིང་བདག་འོང་མི་ཚུ་འདྲོགས་ནུག དེ་ལས་ཡེ་ཤུ་གི་སློབ་མ་བཅུ་གཉིསཔ་འདི་ གཟུར་ཁ་འཁྱིད་དེ་ ད་རུང་ཁོང་ལུ་ ག་ཅི་འབད་འོང་ག་གི་སྐོར་ལས་ སློབ་མ་ཚུ་ལུ་སླབ་ནུག 33 ༣༣ ནཱ་བལྟ་ཤིག་ ང་བཅས་ཚུ་ཡེ་རུ་ཤ་ལེམ་ལུ་འགྱོ་དོ་ མིའི་བུ་འདི་ བླ་ཆེན་དང་དཀའ་ཁྲིམས་གི་སློབ་དཔོན་ཚུ་གི་ལག་པར་སྤྲོད་དེ་ ཁོང་གི་ཁོ་ལུ་ སྡུག་བསྔལ་དང་དཀའ་ངལ་ནང་བཙུགས་སྟེ་ ཕྱིའི་མི་རིགས་ཚུ་གི་ལག་པར་སྤྲོད་ནུག 34 ༣༤ དེ་ལས་ཁོང་གིས་ཁོ་ལུ་ མེས་མེད་བཅོས་སྟེ་ ཚིལ་མ་བཀོག་ནུག དེ་ལས་ཁོ་བསད་ནུག དེ་འབདཝ་ད་ ཉིནམ་གསུམ་གི་རྒྱབ་ལས་ ལོག་ཏེ་བཞེངས་ནུག 35 ༣༥ ཟ་བི་གི་བུ་ ཡ་ཀོབ་དང་ཡོ་ཧཱ་ནན་འོང་སྟེ་སླབ་ནུག སློབ་དཔོན་ལགས་ ནཱ་གི་ག་ཅི་གསུངས་རུང་ ང་བཅས་ཚུ་གི་འབད་ནི་ཨིན། 36 ༣༦ ཁོ་གིས་ཁོང་ལུ་གསུངས་ནུག ང་གི་ཁྱོད་ཚུ་ལུ་ག་ཅི་འབད་དགོཔ་སྨོ། 37 ༣༧ ཁོང་གིས་སླབ་ནུག ཁྱོད་གཟི་བརྗིད་ནང་ གཅིག་ཕྱག་གཡས་དང་ གཅིག་ཕྱག་གཡོན་ལས་ སྡོད་ནི་ཡོདཔ་ཅིག་མཛད་གནང། 38 ༣༨ དེ་འབདཝ་ད་ ཡེ་ཤུ་གི་ཁོང་ལུ་གསུངས་ནུག ཁྱོད་ཀྱི་ག་ཅི་སླབ་ཨིན་ན་ མི་ཤེས་པས། ང་གི་འཐུང་ནི་འབད་མི་ སྡུག་བསྔལ་གྱི་ཕོརཔ་ནང་ལས་ འཐུང་ཚུགས་ག ང་གི་ལེན་ནི་འབད་མི་ སྡུག་བསྔལ་གྱི་ ཁྲུས་གསོལ་འདི་ ལེན་ཚུགས་ག 39 ༣༩ ཁོང་གིས་ཁོ་ལུ་སླབ་ནུག ང་བཅས་ཀྱིས་འབད་ཚུགས་ཟེར། ད་རུང་ཡེ་ཤུ་གིས་ཁོང་ལུ་སླབ་ནུག ང་གིས་འཐུང་ནི་འབད་མི་ཕོརཔ་ནང་ལས་ ཁྱོད་ཀྱིས་འཐུང་ནི་ཨིན་ན། དེ་ལས་ ང་གིས་ལེན་ནི་འབད་མི་ཁྲུས་གསོལ་འདི་ཁྱོད་ཀྱིས་ལེན་ནི་ཨིན་ན། 40 ༤༠ དེ་འབདཝ་ད་ ངེ་གི་གཡས་དང་གཡོན་ལུ་ སྡོད་བཅུག་ནི་གི་དབང་ཚད་ང་ལུ་མེད་ ག་དང་ག་གིས་ གྲ་སྒྲིག་རྐྱབ་ཨིན་ན་ འདི་གི་རྐྱངམ་ཅིག་ཐོབ་འོང། 41 ༤༡ དེ་ལས་ སློབ་མ་བཅུ་ཐམ་གྱི་ལོ་རྒྱུས་གོཝ་ད་ ཡ་ཀོབ་དང་ཡོ་ཧ་ནན་ལུ་བལྟ་སྟེ་ རྩིགཔ་ཟ་ནུག 42 ༤༢ ཡེ་ཤུ་གིས་ སློབ་མ་ཚུ་ལུ་འབོ་སྦེ་ དེ་སྦེ་གསུངས་ནུག ཕྱིའི་མི་རིགས་དབང་ཚད་ཡོད་མི་ མི་སྦོམ་ཚུ་གིས་ ཁོང་ལུ་སྐྱོངམ་མ་ཚད་ འགོ་དཔོན་ཚུ་གི་ དབང་གི་འོག་ལུ་སྤྲོདཔ་མས་ཟེར་ ཁྱོད་ཀྱི་ཤེས། 43 ༤༣ འདི་འབདཝ་ད་ ཁྱོད་འདི་ཚུ་གི་སྦུག་ལུ་ ཁོང་གི་བཟུམ་སྦེ་ འབད་ནི་མེད་འོང། ག་འབད་རུང་མི་སྦོམ་ འབད་དགོ་མནོ་བ་ཅིན་ འ་ནི་མི་འདི་གི་ག་ར་ལུ་གཡོག་རྒྱུག་དགོ 44 ༤༤ མི་ག་འབད་རུང་ དང་པ་འཐེན་དགོ་མནོ་མི་ ག་ར་ལུ་གཡོགཔ་འབད་དགོ 45 ༤༥ མིའི་བུ་འདི་ མི་ཚུ་གི་ཞབས་ཏོག་ཞུ་བ་དང་ མི་ཚུ་ལུ་སོག་རིནམོ་བྱིན་པ་འོང་ཡི། 46 ༤༦ ཁོང་འདི་ཚུ་ ཇེ་རི་ཀོ་ལུ་འོང་ནུག དེ་ལས་ཁོ་དང་ཁོ་གི་སློབ་མ་ཚུ་གི་ མི་མངས་དང་ཇེ་རི་ཀོ་་བཀོག་བཞག་སྦེ་འགྱོཝ་ད་ལུ་ ཏི་མེ་ཡུས་གི་བུ་ བཱར་ཏི་མི་ཟེར་མི་འདི་ ལམ་ཁར་ལུ་ལྷང་སྡོད་དོ་ཡོདཔ་མས། 47 ༤༧ དེ་ལས་ཁོ་གི་ ཡེ་ཤུ་འདི་ནཱ་ཟ་རཱེདཔ་ལུ་འདུག་ཟེར་གོཝ་ད་ལུ་ ཁོ་གིས་ སྐད་ཤུགས་རྐྱབ་སྟེ་སླབ་ནུག ད་བིད་ཀྱི་བུ་ ང་ལུ་སྙིང་རྗེ་གཟིགས་གནང་ལགས། 48 ༤༨ མི་ལེ་ཤ་གིས་ མིག་ཏོ་མ་མཐོང་མི་མི་ལུ་ ཚོ་བརྡ་གཏང་སྟེ་སླབ་ནུག ཁུ་སིམ་སི་འབད་སྡོད། དེ་འབདཝ་ད་ ཁོ་གིས་མང་སུ་མང་སུ་སྦེ་སྔུ་ཞིན་ད་ ད་བིད་གྱི་བུ་ ང་ལུ་སྙིང་རྗེ་གཟིགས་གནང་ཟེར་སླབ་ནུག 49 ༤༩ ཡེ་ཤུ་གི་ མིག་ཏོ་མ་མཐོང་མི་འདི་ ཚུར་འབོ་ཟེར་གསུངམ་ད་ ཁོང་གིས་མི་འདི་ལུ་ ཁྱོད་སེམས་མ་ཕངམ་མ་འབད་བར་ ཡར་ལོང་ཤིག་ ཁོ་གི་ཁྱོད་ལུ་འབོ་དེ། 50 ༥༠ ཁོ་གིས་ གོ་ལ་ཕར་ཕུད་བཀོག་བཞག་སྟེ་ ཡར་ལོང་ཏེ་ ཡེ་ཤུ་གི་སྐུ་མདུན་ལུ་འགྱོ་ནུག 52 ༥༡ ཡེ་ཤུ་གིས་ཁོ་ལུ་ དེ་སྦེ་སླབ་ནུག ཁྱོད་ཀྱིས་དོན་ལུ་ ང་གི་ག་ཅི་འབད་དགོཔ་སྨོ། མིག་ཏོ་མ་མཐོང་མི་འདི་གིས་ སློབ་དཔོན་ལགས་ ང་ད་ལྟོ་ར་མཐོང་ཚུགསཔ་བཟོ་གནང་ཟེར་ཞུ་ནུག 51 ༥༢ དེ་ལས་ཡེ་ཤུ་གིས་ཁོ་ལུ་སླབ་ནུག ཁྱོད་སོང་ ཁྱོད་ར་གི་དད་པ་གི་ ཁྱོད་དྲག་ཆི་ཟེར་སླབ་ཅི། འདི་ཕྲོག་ལས་ ཁོ་ད་རུང་མཐོང་ཚུགསཔ་འགྱོ་སྟེ་ ཁོ་གི་རྟིང་བདག་འགྱོ་ནུག