མཱར་ཀུ་ལེའུ་ ༩

1 ༡༽ ཁོ་གི་ཁོང་ལུ་སླབ་ནུག། ང་གིས་དོན་དག་རང་སླབ་དོ། མི་ལ་ལུ་ནཱ་ལུ་ལོང་སྡོད་མི་ཚུ་གི་ དཀོན་མཆོག་གི་རྒྱལ་སྲིད་དབང་ཤུགས་དང་བཅས་སྦེ་འོང་ས་འཐོང་མི་ཤི་ཟེར་གསུངས་ནུག། 2 ༢༽ཉིནམ་དྲུག་གི་རྒྱབ་ལས་ ཡི་ཤུ་པེ་ཏྲོ་དང་ཡ་ཀོབ་ དེ་ལས་ཡོ་ཧཱ་ནཱན་ཁོང་ཚུ་ཡར་ལཱ་ཐོག་ཁ་བྱོན་ཏེ་ ཁོ་རང་རྐྱངས་གཅིག་བཞུགསཔ་ད་ ཁོ་གི་སྐུ་གཟུགས་འདི་སོར་སྒྱོར་ནུག། 3 ༣༽ ཁོ་གི་ན་བཟའ་འདི་ འཛམ་གླིང་ནང་ག་གི་རང་དོ་འགྲན་འབད་མ་ཚུགས་མི་འདི་ཅེས་ཅེ་སྦེ་དཀརཔོ་ལུ་འགྱོར་ནུག། 4 ༤༽ དེ་ལས་ཨེ་ལི་ཡ་དང་མོ་སེ་འཐེན་འོང་ཏེ་ ཡི་ཤུ་དང་གཅིག་ཁར་གསུངས་དྲོས་གནང་ནུག། 5 ༥༽ པེ་ཏྲོ་གི་ཡི་ཤུ་ལུ་ལེན་དེ་སྦེ་སླབ་ནུག། ར་བི་ལགས་ང་བཅས་ཚུ་ནཱ་དང་གཅིག་ཁར་ཡོད་ནི་འདི་ནི་སེམས་དགའ་ཡི་ལགས། ད་ང་བཅས་ཀྱིས་གུར་གསུམ་བཟོ་གེ། གཅིག་ནཱ་ལུ་གཅིག་མོ་སེ་ལུ་དང་གཅིག་ཨོ་ལེ་ཡ་ལུ། 6 ༦༽ཁོ་ག་ཅི་སླབ་ན་ཡང་མ་ཤེས་པ་ཡར་སོང་ནུག། འདི་འབད་ནི་འདི་གི་ ཁོང་ཚུ་འདྲོགས་ནུག། 7 ༧༽ གནམ་ཁ་ལས་ས་སྨུག་ཁོང་གི་གུ་ལས་མར་སྤུབ་འོང་ཏེ་ ས་སྨུག་ནང་ལས་སྐད་གཅིག་གོ་ནུག། ཨ་ནི་འདི་ངེ་གི་གཅེས་ཤོག་བུ་ཨིན། ཁྱོད་ག་ར་གི་ཁོ་ལུ་ཉེན་དགོ། 8 ༨༽ འདི་འཕྲོ་ལས་ཁོང་ཚུ་གི་མཐའ་ཁོར་ལུ་ལྟཐ་ཏ། ཁོང་ཡི་ཤུ་རྐྱངམ་གཅིག་མ་གཏོགས་གཞོན་མ་མཐོང་མས། 9 ༩༽ ཁོང་ལཱ་ཐོག་ཁ་ལས་མར་འོངམ་ད་ ཁོ་གི་བཀའ་རྒྱ་དེ་སྦེ་གནང་ནུག། ཁོང་གི་གི་ག་ཅི་མཐོང་ཡི་ག་འདི་ཚུ་གཞོན་ག་ལུ་ཡང་མ་སླབ། ཡི་ཤུ་འདི་ཤིས་ལས་གསོན་པོ་སྦེ་མ་ལོངམ་ཚོན་ཚོན། 10 ༡༠༽ དེ་ལས་ཁོང་ཚུ་གི་དཀའ་ངལ་འཐེན་མི་འདི་ ག་ལུ་ཡང་མ་སླབ་པར་ཁོང་རའི་ནང་ན་གསང་ཏེ་བཞག་ནུག། ཤི་ས་ལས་གསོན་པོ་སྦེ་ལོག་འོང་ནི་ཟེར་མི་འདི་ ག་ཅི་ཨིན་ཟེར། 11 ༡༡༽ ཁོང་གི་ཁོང་ལུ་སླབ་ནུག། ག་ཅི་སྦེ་ཨོ་ལི་ཡ་འདི་ཧེ་མ་འོང་གོ་ཟེར་བཀའ་ཁྲིམས་གི་སླབ་སྨོ? 12 ༡༢༽ ང་གི་ཁྱོད་ལུ་སླབ་དོ་ཨོ་ལི་ཡ་ཧེ་མ་ལོག་འོངས་ཏེ་ག་ར་ཉམས་བཅོས་འབད་འོང། མི་གི་བུ་འདི་ག་ཅི་འབད་སྡུག་བསྔལ་མྱོང་དགོཔ་དང་ག་གིས་རང་མི་དགའ་ཟེར་ག་ཅི་སྦེ་འབྲི་འབྲིཝ་སྨོ? 13 ༡༣༽ དེ་འབདཝ་ད་ ང་གི་སླབ་དོ་ཨོ་ལི་ཡ་ཧེ་མ་འོང་ཏེ་གསུང་རབ་ནང་ ཁོ་གི་སྐོར་ལས་སྦྲིས་དོ་བཟུམ་འབད་རང་ མི་ཚུ་གིས་ཁོ་ལུ་འབད་དོག་མནོ་མི་འདི་ཁོང་གིས་འབད་ནུག། 14 ༡༤༽ ཁོང་ཚུ་སློབ་མ་སྡོད་ས་འོངམ་ད་ལུ་ ཁོང་གི་མི་ལེ་ཤ་སྤུང་སྡོད་ས་དང་བཀའ་ཁྲིམས་གི་སློབ་དཔོན་ཚུ་ཁ་ཤགས་རྐྱབ་སྡོད་ས་གཟིགས་ནུག། 15 ༡༥༽ མི་སྤུང་སྡོད་མི་ཚུ་གི་ཡི་ཤུ་མཐོངམ་ད་ ཁོང་ག་ར་ཧ་ལས་ཏེ་ཁོ་འབད་ས་རྒྱུག་འགྱོ་ཞིནམ་ལས་ཁོ་གི་སྐུ་མདུན་ལུ་བཅར་ནུག། 16 ༡༦༽ ཁོ་གི་ཁོ་རའི་སློབ་མ་ལུ་ དེ་སྦེ་གསུངས་ནུག་ ཁྱོད་ཚུ་ག་ཅི་གི་སྐོར་ལས་ཁ་ཤགས་རྐྱབ་སྨོ་ཟེར? 17 ༡༧༽ མི་སྤུང་སྡོད་ས་ནང་ལས་མི་གཅིག་གིས་ཁོ་ལུ་དེ་སྦེ་སླབ་ནུག་ སློབ་དཔོན་ལགས་ངེ་གི་བུ་ཁྱོད་འབད་ས་འབད་འོང་ཡི་ལགས། ཁོ་ལུ་གནམ་ཤི་ས་གཙངམ་འདི་གི་ཁོ་ཁ་སླབ་མ་ཚུགས་བ་བཟོ་ཏེ། 18 ༡༨༽ ཁོ་བཟུང་ཞིནམ་ད་ མར་ས་ཁར་བརྡབ་བཏང་ཏེ་ དེ་ལགས་ཁོ་གི་ཁ་ནང་ལས་ལྦ་ག་ཐོན་ཏེ་སོ་ག་ར་བརྡར་ཏེ་སྲ་ཀྲག་འགྱོ་མས་ལགས། ང་གི་ཁྱོད་གི་སློབ་མ་ཚུ་ལུ་འདི་གནམ་ཤི་གཅིངམ་འདི་ བཏེན་བདག་ཟེར་སླབ་ཅི། དེ་འབདཝ་ད་འབད་མ་ཚུགས་། 19 ༡༩༽ ཁོ་གི་ཁོང་ཚུ་ལུ་དེ་སྦེ་གསུངས་ནུག། ཁྱོད་དད་པ་མེད་མི་མི་རབས་ཚུ་ང་ག་དེམ་གཅིག་ཚོན་ཚོད་ཁྱོད་ཚུ་དང་མཉམ་བཟོད་པ་བསྒོམ་སྡོད་ནི་སྨོ? འདི་ཨ་ལོ་འདི་ང་འབད་ས་འཁྱིད་ཤོད། 20 ༢༠༽ དེ་ལས་ཁོང་གི་ཨ་ལོ་འདི་ཁོ་འབད་ས་འཁྱིད་འབད་ནུག། གནམ་ཤི་མ་གཙངམ་གི་ཡི་ཤུ་འདི་མཐོངམ་ད་ ཨ་ལོ་འདི་འཕྲོག་ལས་གསིག་སྟེ་ཁ་ལས་ཁ་ག་ཐོན་སྟེ་མར་ས་ཁར་འགྱེལ་ནུག། 21 ༢༡༽ དེ་ལས་ཡི་ཤུ་གིས་ཨ་ལོ་གིས་ཨ་པ་ལུ་འདྲི་ནུག། འདི་བཟུམ་སྦེ་ཚར་ག་དེམ་གཅིག་འབད་ཡི་ཟེར། ཨ་པ་གི་སླབ་ནུག་ ཁོ་ཆུང་ཀུ་སྦེ་སྡེད་པའི་སྐབས་ལས་རང་ཨིན་ཟེར། 22 ༢༢༽ ཁོ་བསད་ནི་གི་དོན་ལུ་ལོག་ཅི་ཅི་ར་མི་དང་ཆུ་ནང་བཏང་མས་ལགས། ད་གི་ང་བཅས་ལུ་ཆ་ལུ་ཆ་རོགས་འབད་སྟེ་དྲགཔ་མཛད་ཚུགས་བ་ཅིན་སེམས་དགའ་ནི་མས་ལགས། 23 ༢༣༽ ཡི་ཤུ་གིས་ཁོ་ལུ་སླབ་ནུག། ནཱ་གི་དྲགཔ་མཛད་ཚུགས་ཟེརཝ་ཅི། 24 ༢༤༽ འདི་འཕྲོན་ལས་ཨ་ལོ་གི་ཨ་པ་གི་སྐད་ཤུགས་འབད་རྔུ་ཞིནམ་ད་སླབ་ནུག། ང་གི་ཁྱོད་ལུ་དད་པ་བསྐྱེད་དོ་ ནཱ་གི་དད་པ་མ་བསྐྱེད་མི་མི་ལུ་ཆ་རོགས་འབད་གནང་ཟེར་སླབ་ནུག། 25 ༢༥༽ དེ་ལས་ཡི་ཤུ་འབད་ས་མི་སྤུང་སྡེད་མི་ཚུ་འགྱུ་འོངམ་ད་ ཁོ་གི་གནམ་ཤི་མ་གཙངམ་མི་འདྲེ་འདི་ལུ་ཚོ་བརྣ་དེ་སྦེ་གཏང་ནུག་ ནམ་ཅོ་གོ་ནི་མེད་མི་དང་ཁ་སླབ་ནི་མེད་བའི་འདྲེ་གདོན་ཁྱོད་ཁོ་ནང་ལས་ཕྱི་ཁར་འཐོན་འགྱོ་ཏེ་ལོག་ཏེ་ནམ་ར་མ་གཟིགས་ཟེར་སླབ་ད། 26 ༢༦༽ ཨ་ལོ་འདི་སྐད་སྦོམ་བརྐྱབས་ཏེ་ གནམ་མེད་ས་མེད་སྒལ་རའི་མར་རིལ་བསྐྱུར་ཏེ་ ཁོ་བཀོག་བཞག་སྦེ་འདྲེ་གདོན་ཐོན་སོང་ནུག། དེ་ལས་ཨ་ལོ་འདི་ཤི་ཤིཝ་བཟུམ་སྦེ་མཐོང་ཏེ་ ཁོང་གི་སླབ་ནུག། ཁོ་ཤི་སོང་ནུག་ཟེར། 27 ༢༧༽ དེ་འབདཝ་ད་ཡི་ཤུ་གིས་ཨ་ལོ་འདི་གི་ལགཔ་བཤེད་ཏེ་ཡར་ལྷོངམ་ད་ཨ་ལོ་འདི་ཡར་ལོངས་ནུག། 28 ༢༨༽ དེ་ལས་ཡི་ཤུ་གཟིམ་ཅུང་ནང་འབྱོནམ་ད་གཙང་གཙང་འབད་ཁོ་གི་སློབ་མ་གི་ ཁོ་ལུ་དྲིས་ནུག། ང་བཅས་ཀྱིས་ག་ཅི་སྦེ་འདི་གདོན་བལྟོན་གཏང་མ་ཚུགསཔ་སྨོ་ཟེར། 29 ༢༩༽ ཁོ་གི་ཁོང་ལུ་སླབ་ནུག། སྨོན་ལམ་སྐྱངམ་གཅིག་གི་མ་གཏོགས་ གཞོན་ག་ག་ིཡང་འབད་མི་ཚུགས་ཟེར། 30 ༣༠༽ ཁོང་ཚུ་འདི་ཁར་ལས་འགྱོ་ཞིམ་ལས་ ལུང་ཕྱོགས་ག་ལི་ལི་ལུ་འབྱོནམ་ད། ཁོང་ཚུ་ག་ཏེ་ཡོདཔ་ཨིན་ན་ ག་གིས་ཡང་ཤེས་མ་བཅུག་ནི་གི་ཐུགས་བསམ་བཞེས་ནུག། 31 ༣༡༽ དེ་ལས་ཁོ་གི་ཁོ་རའི་སློབ་མ་ཚུ་དེ་སྦེ་བསྟེན་གནང་ནུག། མི་གི་བུ་འདི་མི་གི་ལགཔ་བ་སྤོད་འོང་ དེ་ལས་ཁོང་གི་ཁོང་གི་ཁོ་བསོད་འོང་ ཁོ་བསོད་ཞིནམ་ལས་ཉིནམ་སུམ་གི་རྒྱབ་ལས་ལོག་འདི་གསོན་པོ་སྦེ་བཞེངས་ནི་ཨིན་ཟེར་སླབ་ནུག། 32 ༣༢༽ དེ་འབདཝ་ད་ཁོ་གི་སླབ་མི་ཚུ་ཁོང་སློབ་མ་ཚུ་གི་ཧ་གོ་མ་ཚུགས་པ་ ཁོང་གི་ཁོ་ལུ་ལོག་དྲིས་ནི་གི་དོན་ལུ་འདྲོ་ཆི་ནུག། 33 ༣༣༽ འདི་གི་ཤུལ་ལས་ ཁོང་ཚུ་ཀ་པར་ནུམ་ལུ་འོང་ནུག། འདི་གི་ཤུལ་ལས་ཁོ་གཟིམ་ཅུང་ནང་བྱོན་ད་ ཁོ་གི་ལུ་དྲིས་ནུག? ཁྱོད་འདི་ཚུ་ལམ་ཁ་ག་ཅི་གི་སྐོར་ལས་བསྡུན་གྲོས་འབད་འབདཝ་སྨོ་ཟེར་དྲིཝ་ད། 34 ༣༤༽ ཁོང་ཚུ་ག་ནི་ཡང་སླབ་མ་ཚུགས་པ་ཁུ་སིམས་སི་ཡར་སོང་ནུག། ཁོང་ཚུ་ལས་ཁ་ལུ་གཅིག་གི་གཅིག་ལུ་བསྟྲན་དྲོས་དེ་སྦེ་འབད་ནུག་ ཁོང་སྦུག་ལས་དྲགས་ཤོམ་འདི་ག་སྨོ་ཟེར། 35 ༣༥༽ དེ་ལས་ཁོ་མར་ས་ཁར་བཞུགས་སྦེ་སློབ་མ་བཅུ་གཉིསཔ་འདི་འབོ་སྦེ་ཁོང་ཚུ་ལུ་སླབ་ནུག། ག་ར་འབད་རུང་ཨང་དང་པ་འཐེན་དགོ་མནོ་བ་ཅིན་ འདི་མི་འདི་གི་ག་ར་ལས་ཤུལ་ལས་སྡོད་ཏེ་ ག་ར་གི་གཡོགཔ་འབད་དགོ་ཟེར་གསུངས་ནུག། 36 ༣༦༽ དེ་ལས་ཁོ་གིས་ཨ་ལོ་ཆུང་ཀུ་འདི་འབད་ཏེ་ ཁོང་གི་སྦུག་ལུ་བཞག་ཏེ་ཁོ་གི་ཕ་མ་ལེན་ཏེ་དེ་སྦེ་གསུངས་ནུག། 37 ༣༧༽ ག་ར་འབད་རུང་ངེ་གི་མིང་ནང་ཨ་ནི་ཨ་ལོ་བཟུམ་ཅིག་ལུ་ངེས་ལེན་འབད་བ་ཅིན། ང་ལུ་ཡང་འབདཝ་ཨིན། དེ་འབདཝ་ད་ ང་རྐྱངམ་གཅིག་མེན་པ་ ང་གཏང་གནང་མི་འདི་ལུ་ཡང་ངེས་ལེན་འབདཝ་ཨིན་ཟེར། 38 ༣༨༽ ཡོ་ཧཱ་ནན་གི་ཁོ་ལུ་སླབ་ནུག། སློབ་དཔོན་ལགས་ ང་བཅས་ཀྱི་ནཱ་གི་མཚན་ནང་འབད་འདྲེ་གདེན་བཏོན་གཏང་ས་མཐོང་ཅི། ཁོ་འདི་ང་བཅས་ཀྱི་གྲལ་ཁ་ལས་མེན་འདི་གིས་ ང་བཅས་ཀྱིས་ཁོ་ལུ་དེ་སྦེ་འབད་ནི་མི་འོང་ཟེར་སླབ་ཏེ་བཀག་ཅི་ཟེར་ཞུཝ་ད། 39 ༣༩༽ དེ་འབདཝ་ད་ཡི་ཤུ་གི་གསུང་ཡི། ཁོ་ལུ་བཀག་མ་རྐྱབ་ ག་ཅི་སྨོ་ཟེར་བ་ཅིན་ ངེ་གི་མིང་ནང་ག་གི་རྫུ་འཕྲུལ་བཏེན་མི་མི་འདི་གི་འགྱོ་པ་ང་ལུ་ཚག་ངེན་མི་སླབ། 40 ༤༠༽ ག་རང་འབད་རུང་ ང་ལུ་བྱང་ཕྱད་མ་འབད་མི་མི་འདི་ ང་བཅས་ཀྱི་ཆ་རོགས་ཨིན། 41 ༤༡༽ ག་གི་འབད་རུང་ཁྱོད་ཁིརཱིས་ནང་ཨིན་པས་ཟེར་ ངེ་གི་མིང་ནང་ཆུ་ཕོརཔ་གང་བྱིན་པ་ཅན་ འདི་མི་འདི་གསོལ་རས་ཐོབ་ར་ཐོབ་ཟེར་གསུང་ནུག། 42 ༤༢༽ ག་གི་རང་འབད་རུང་དད་པ་བསྐྱེད་མི་མི་ཚུ་ལུ་སྡིག་པ་འབད་བ་ཅན་ མི་འདི་གི་ཨོལ་ལྐོག་གུ་རང་འཐག་གི་རྣོ་སྦོམ་གཅིག་གཏགས་ཏེ་ཆུ་ནང་བཀོག་བ་ཅིན་དྲག་ཟེར་གསུང་ནུག། 43 ༤༣༽ ཁྱོད་གི་ལགས་གིས་སྡིག་པ་འབད་འགྱོ་བ་ཅིན་ལགཔ་དེ་བཏེན་བཀོག་ད། ལགཔ་གཉིས་དང་གཅིག་ཁར་ཤི་ནི་མེད་པའི་དམྱལ་བའི་མེ་ནང་འགྱོ་བ་འདི་འཐའ་མེད་བའི་ཚེ་ནང་འཛུལ་དྲག། 44 ༤༤༽ མེ་འདི་མ་ཤིཝ་ཚོན་ཚོད་ མེ་གི་དྲོད་ཡང་ཡལ་མི་འགྱོ། 45 ༤༥༽ ཁྱོད་གིས་རྐངམ་གཅིག་གི་སྡིག་པ་འབད་འགྱོ་བ་ཅིན་ གཏོགས་བཀོ་གཏང། རྐངམ་གཉིས་དང་གཅིག་ཁར་ཤི་ནི་མེད་པའི་ཚེ་ནང་འཛུལཝ་དྲག། 46 ༤༦༽ མེ་འདི་མ་ཤིཝ་ཚོན་ཚོད་ མེ་གི་དྲོད་ཡང་ཡལ་མི་འགྱོ། 47 ༤༧༽ དེ་ལས་ཁྱོད་ཀྱིས་མི་ཏོག་གཅིག་གི་སྡིག་པ་འབད་ཅུ་བ་ཅིན་ བསྟོན་བཀོ་གཏང། མི་ཏོག་གཉིས་འབག་ཏེ་ཤི་ནི་མེད་པའི་དམྱལ་བ་ནང་འགྱོ་བ་འདི་ མི་ཏོག་གཅིག་འབག་ཏེ་ཏཀོན་མཆོག་གི་རྒྱལ་སྲིད་ནང་ཚེ་མཐའ་མེད་པའི་ཚེ་ནང་འཛུལཝ་དྲག། 48 ༤༨༽ མེ་འདི་མ་ཤིཝ་ཚོན་ཚོད་ མེ་གི་དྲོད་ཡང་མི་འགྱོ། 49 ༤༩༽ཚ་འདི་མེ་ནང་ཞུ་འགྱོ་དོ་བཟུམ་འབད་ ང་བཅས་ཚུ་ཡང་འདི་བཟུམ་འབད་འགྱོ་འོང། 50 ༥༠༽ དེ་ལས་ཚ་འདི་ཕན་ཐོགས་ཅན་ཅིག་ཨིན། དེ་འབདཝ་ད་ ཚ་འདི་འབྱང་བ་ཅིན་འདི་གི་ཚ་ཁུ་འགྱོ་འོང། ད་ང་བཅས་ཀྱི་ལོག་ཏེ་ཚ་ལུ་ཅན་ག་དེ་སྦེ་བཟོ་ནི་སྨོ? ཁྲོད་རང་ཚུ་གི་སྦུག་ལུ་ཚ་ལུ་ཅན་བཟོ་ཞིནམ་ལས་གཅིག་གི་གཅིག་ལུ་ཞི་བདེ་ནང་སྡོད།