མའ་ཀུ་ལེའུ་ ༡༢

1 ༡༽ དེ་ལས་ཡི་ཤུ་གིས་ དཔེ་གཏམ་གི་མཐོག་ལས་ ཆོས་དེ་སྦེ་བསྲུང་ནུག། ཧེ་མ་གཅིག་གི་ལྡུམ་ར་ནང་རྒྱུན་འབྲུམ་ཤིང་བཙུགས། དེ་ལས་འདི་ནང་གི་མཐར་སྐོར་ལས་ས་དོང་བཀོག་འབད་རཝ་རྐྱབ་སྟེ་ནུག། དེ་ལས་ མི་གཅིག་ལུ་རྒུན་ོའབྲུམ་ཤིང་གི་དུམ་ར་བལྟ་ནི་གི་དོན་ལུ་ བལྟ་རྗོང་གཅིག་རྐྱབ། དེ་ལས་ མི་འདི་ལུ་བྱིན་དེ་ ཁོ་ར་མཐའ་རིང་ས་གཅིག་ཁར་ཡར་སོང་ནུག། 2 ༢༽ དུས་ཚད་སྐྲིག་སྐྲི་ལུ་ ཁོ་གི་ལས་གཡོགཔ་ལུ་རྒུན་འབྲུམ་གི་ཤིང་གི་ཤིང་འབྲས་འདི་ རོབ་འབྱེལ་བདག་འཛིན་འཐབ་མི་ལུ་བདག་པ་ཅིག་ལེན་པར་བཏང་ནུག། 3 ༣༽ དེ་འབདཝ་ལས་ ཁོང་ཆ་ཁྱབ་གི་ཁོ་འབག་འབད་ ཁོ་ལུ་དྲང་དུང་སྟེ་ག་ཅི་ཡང་མ་བྱིན་པར་ལོག་གཏང་ནུག། 4 ༤༽ ད་རུང་ ཁོ་གི་སོ་སོ་ལས་གཡོགཔ་ཅིག་གཏངམ་ད་ ད་ཁོང་ཆ་ཁྱབ་ཀྱི་ ཁོ་གི་མགུ་ཏོ་ཁར་རྨ་བཏོན་ནི་གི་མ་ཚད་བར་ ཁོ་ལུ་རོགས་གྱི་གདོང་ཁར་ངོ་ཆ་སི་སི་བཟོ་བཞག་ནུག། 5 ༥༽ ཁོ་གི་ད་རུང་སོ་སོ་ལས་གཡོགཔ་གཏང་ནུག། དེ་བསྒང་འ་ནི་ལས་གཡོགཔ་འདི་བསད་ད་ནུག། དེ་བཟུམ་འབད་རང་ གཞན་མི་ཚུ་ལུ་ཡང་ དྲང་དུང་སྟེ་བསད་ནུག། 6 ༦༽ ཁོ་འབད་སར་ད་རུང་ སོ་སོ་མི་གཅིག་ནི་སྡོད་ནུག། དེ་ཡང་སྙིང་སྡུག་ཡོད་མི་བུ། ཁོ་འདི་མི་གི་གྲལ་ལས་འཇུག་ཨིནམ་ད་ ཁོང་གི་ངེ་གི་ཨ་ལོ་ལུ་གུས་ཞབས་འབདཝ་ཟེར་སླབ་ནུག། 7 ༧༽ དེ་འབདཝ་ད་ ལཱ་འབད་མི་གཅིག་གི་གཅིག་ལུ་ དེ་འབད་སླབ་ནུག། ཨ་ནི་འདི་ ཤུགས་འཛིན་ཕོ་ཨིན། ཤོག་ང་བཅས་ཚུ་དོམ་འབད་ཁོ་བསད་རྒེད། དེ་ལས་འབདན་རྒྱུ་ནོར་འདི་ ང་བཅས་གིས་མཐོང་འོང། 8 ༨༽ ཁོང་ཆ་ཁྱབ་ཀྱིས་ཁོ་འཛིན་བཟུང་འབད་སྟེ་བསད་ནུག། དེ་ལས་ རྒུན་འབྲུམ་འཚོ་ས་ལས་ཕྱི་ཁར་བཀོག་ནུག། 9 ༩༽ དེ་འབདཝ་ལས་ ་རྒུན་འབྲུམ་ལྡུམ་ར་གིས་བྱིན་བདག་གི་ག་ཅི་འབད་འོང? ཁོ་འོང་འབད་ ལཱ་འབད་མི་འདི་ཚུ་མེདཔ་གཏང་སྟེ་ རྒུན་འབྲུམ་གི་ལྡུམ་ར་འདི་གཞན་མི་ལུ་བྱིན་འོང། 10 ༡༠༽ ཁྱོད་གིས་གསུང་རབ་འདི་མ་ལྷབ་ག? ཁྱིམ་རྐྱབ་མི་གི་རྡོ་གོ་བར་བཀོག་བཞག་མི་འདི་ ཟུར་ཁའི་རྡོ་འབད་རྐྱབ་བཞག་ནུག། 11 ༡༡༽ འདི་ཙམ་དཀོན་མཆོག་ལས་ཨིན། དེ་ལས་ཨ་ནི་རང་གི་མིག་ཁར་ གནམ་མེད་ས་མེད་ཡ་མཚན་ཅན་འབད་མཐོངམ་ཨིན། 12 ༡༢༽ འདི་གི་ཤུལ་ལས་ ཡ་ཧཱ་དཱ་པའི་དགོ་ཁྲིདཔ་གི་ ཡི་ཤུ་འདི་བཟུང་ནི་གི་ཐབས་ལམ་ཚོད་ནུག། ག་ཅིག་སྨོ་ཟེར་བ་ཅིན་ ཁོང་ཚུ་ལུ་ཡི་ཤུ་གི་དཔེ་གཏན་གི་ཐོག་ལས་སྲུང་མི་དེ་ཧ་གོ་ནུག། 13 ༡༣༽ དེ་ལས་ ཁོང་གི་ཕ་རུ་ཤིག་པ་དང་ ཧི་རོད་གི་མི་ལ་ལུ་ཚུ་ ཁོང་གི་གཡོ་ཐབས་གི་ཚིག་ལས་བཟུང་ནི་གི་དོན་ལུ་བཏང་ནུག། 14 ༡༤༽ དེམ་ཅིག་གི་བར་ན་ ཁོང་འོང་སྦེ་ཁོང་གི་ཁོ་ལུ། སློབ་དཔོན་ཀྱིས་འདི་ག་གིས་བསམ་འཆར་ཡང་བདག་འཛིན་མེད་འབད་ཟེར་ ང་ཅབས་ཀྱིས་ཤེས། དེ་ལས་ཁྱོད་ཀྱིས་མི་ཚུ་གིས་བར་ན་ཡང་ཁྱད་པར་མེད་བཆད། ཁྱོད་ཀྱིས་དཀོན་མཆོག་གི་ལམ་གི་སྐོར་ལས་ཁྲང་འབད་བཏོན་ནམ་ཨིན། ཨ་ནི་ཁྲལ་ཀ་སར་ལུ་བྱིན་ནི་འདི་ ལམ་ལུག་སྲོལ་ཨིན་ནི? ང་བཅས་ཀྱིས་བྱིན་དགོ་ག་མི་དགོ? 15 ༡༥༽ དེ་འབདཝ་ད་ ཡི་ཤུ་གྱི་འདི་ ཁོང་གྱི་ཚུལ་འཆོས་གི་སྐོར་ལས་ཤེས་སྟེ་ ཁོང་ལུ་དེ་འབད་སླབ་ནུག། ཁྱོད་ཀྱིས་ང་ལུ་ག་ཅི་འབད་ལག་ལེན་འཐབ་ཅི? ང་ལུ་གཅན་གཟན་གཅིག་གནང། ང་གི་བལྟ་དགེ། 16 ༡༦༽ ཁོང་གི་ཡི་ཤུ་ལུ་གཅིག་འབག་སྟེ་ ཡི་ཤུ་གི་ཁོང་ལུ་ འདི་ག་ཅིག་བཟོ་གནམ་དང་ ཡིག་བཀོད་སྨོ? ཁོང་གི་འདི་ཀཱེ་སར་གི་ཨིན་མས་ཟོར་ཞུ་ནུག། 17 ༡༧༽ ཡི་ཤུ་གྱི་ ཀཱེ་སར་ཀྱི་ཨིན་མི་ལ་ཚུ་ཀཱེ་སར་ལུ་ཨིན། འདི་བཟུམ་འབད་དཀོན་མཆོག་གི་ཨིན་མི་ཚུ་དཀོན་མཆོག་ལུ་ཕུལ་ཟེར་གསུངས་ད་ ཁོང་ཀྱིས་ཧ་ལེགས་ནུག། 18 ༡༨༽ དེ་ལས་ས་དོ་སི་ ཁོང་སྲིན་པོ་འབད་ལོང་མི་ལུ་དད་པ་མ་སྐྱེད་མི་ཚུ་ཡི་ཤུ་འབད་སར་བཅའ་སྟེ་ ཁོང་ཀྱི་ཡི་ཤུ་ལུ་དྲི་ནུག། 19 ༡༩༽ སློབ་དཔོན་ མོ་སེད་གྱིས་ ང་བཅས་ཀྱིས་དོན་ལུ་བྲིས་མི་གནང་ག་དེམ་ཅིག་འབད་ཕོ་སྐྱེས་གི་ཕོ་རྒནམ་ཡང་ན་ནུ་གཅུང་རེ་ཤི་མི་དང་ ཨམ་སྲུང་འཀོག་བཞག་མི། དེ་འབདཝ་ད་ ཨ་ལོ་གཅིག་ཡང་མེད་མི་འདི། ཕོ་སྐྱེས་འདི་གི་རང་ཨམ་སྲུ་འདི་འབབ་སྟེ་ ཁོ་གི་ཕོ་རྒནམ་ཡང་ན་ནུ་གཅུང་གི་སན་ཡར་འཐུ་དགོ་ཟེར་ཨིན་མས། 20 ༢༠༽ ཧེ་མ་ཁོང་ཕོ་སྐྱེས་སྤུུན་ཆ་བདུན་སྡོད་ནུག། ཕོ་སྐྱེས་དང་པམ་འདི་གིས་ཨམ་སྲུང་འབག་སྦེ་ ཨ་ལོ་གཅིག་ཡང་མེད་པར་ཤི་ནུག། 21 ༢༡༽ དེ་ལས་ ཕོ་སྐྱེས་གཉིས་པམ་འདི་གིས་མོ་དང་གཅིག་ཁར་སྡོད་རུང་ ཨ་ལོ་གཅིག་ཡང་མེད་པར་ཤི་ནུག། དེ་བཟུམ་འབད་ གསུམ་པམ་འདི་ལུ་ཡང་ དེ་འབད་རང་འབྱུང་ནུག། 22 ༢༢༽ ཁོང་སྤུན་ཆ་བདུན་ལུ་ ཨ་ལོ་གཅིག་ཡང་མེད་བར་མཐན་འཇུག་ལུ་ ཨམ་སྲུང་ནེ་ཡང་ཤི་ནུག། 23 ༢༣༽ ད་རུང་ སྲིན་པོ་འབད་ལོངམ་ད་ ཁོང་ཕོ་སྐྱེས་སྤུན་ཆ་བདུན་གནང་ལས་མོ་འདི་ ག་གི་ཨམ་སྲུང་འབད་འོང? ཁོང་སྤུན་ཆ་བདུན་གྱི་རང་མོ་འདི་ཁོང་གི་ཨམ་སྲུ་སྦེ་རྕི་འོང་ག? 24 ༢༤༽ ཡི་ཤུ་གི་ འདི་གི་བསམ་འཆར་འཛོལཝ་མེན་མི་གམ། དེ་ཡང་ག་ཅི་འབད་སྨོ་ཟེར་བ་ཅིན་ ཁྱོད་ཀྱིས་ད་ལྟོ་གསུང་རབ་ཡང་ན་ དཀོན་མཆོག་གི་ཤུགས་སྟོབས་གྱི་སྐོར་ལས་མ་ཤེས་ནི་དེ་གྱིས་ཨིན་ཟེར་གསུངས་ནུག། 25 ༢༥༽ ཁོང་ཤི་མི་ཚུ་སྲིན་པོ་འབད་ལོངམ་ད་ ཁོང་གཉེན་ཡང་མི་རྐྱབ་ཡང་ན་ གཉེན་རྐྱབ་ཡང་མ་བཅུག་ཨིན་རུང་ ཁོང་ཚུ་ཡར་ཞིང་ཁམས་གི་ཕོ་ཉ་བཟུམ་གཅིག་ཨིན། 26 ༢༦༽ དེ་འབདཝ་ད་ མི་ཤི་མི་ཚུ་གི་སྐོར་ལས་ ཁྱོད་ཀྱིས་སྨོ་ཤ་གི་དཔེ་དེབ་ནང་ལུ་ཚལ་མ་ནང་གིས་གསེང་ཁྲི་གྱི་སྐོར་ལས་ དཀོན་མཆོག་ཀྱི་ཁོ་ལུ་སླབ་ཅིག་ཟེར་ ཁྱོད་ཀྱིས་ལྷབ་ཅིག་ཡ། ང་ཨབ་ར་ཧཱམ་གྱི་དཀོན་མཆོག་དང་ ཨའི་ས་ཡ་གྱི་དཀོན་མཆོག་དེ་ལས་ཡ་ཀོབ་གྱི་དཀོན་མཆོག་ཨིན་ཟེར་གསུངས་ནུག། 27 ༢༧༽ ཁོ་ཤི་མི་གི་དཀོན་མཆོག་མེན་ དེ་འབདཝ་ད་སྲིན་པོ་གྱི་དཀོན་མཆོག་ཨིན། དེ་འབདཝ་ད་ ཁྱོད་ཀྱིས་ཨ་ཙིག་ཙིག་མཛད་སོང་ནུག། 28 ༢༨༽ གྲ་ཆེན་གཅིག་འོང་འབད་ ཁོང་ཚུ་བློ་སླབ་སར་མཐོང་ནུག། དེ་ལས་ཡི་ཤུ་གི་ལེན་ སེམས་ཁར་འབབ་ཏོག་ཏོ་བསྲུང་སར་མཐོང་ནུག། བཀའ་མཇའ་ག་ར་ནང་ཁག་ཆེ་ཤོག་འདི་ག་ཏེ་སྨོ་ཟེར་ ཡི་ཤུ་ཞུ་ནུག། 29 ༢༩༽ འདི་གི་ལེན་ཡི་ཤུ་གི་ཁག་ཆེ་ཤོག་འདི་ ན་ཉིན་ཞིག་ཨི་ཛི་རལ། ང་བཅས་ཀྱི་གཙོ་བོ་དཀོན་མཆོག་ ང་བཅས་ཀྱི་གཙོ་བོ་འདི་གཅིག་ར་ཨིན། 30 ༣༠༽ ཁྱོད་ཀྱིས་ཁྱོད་རང་གི་གཙོ་བོ་དཀོན་མཆོག་ལུ་སེམས་ག་ར་དང་ སྣིང་ག་ར་དང་དེན་པ་ག་ར་དང་ ཤིགས་སྟོབས་ག་ར་གྱི་བྱམས་པ་འབད། 31 ༣༡༽ བཀའ་མཇའ་གཉིས་པམ་འདི་ཡང་ ཁྱོད་ཀྱིས་རང་ལུ་བྱམས་པ་འབད་དོ་བཟུམ་ ཁྱིམ་ཚང་ལུ་ཡང་བྱམས་པ་འབད། དེ་ལས་ལྷག་སྟེ་བཀའ་མཇའ་གཞན་ག་ནི་ཡང་མེད། 32 ༣༢༽ དེ་ལས་བཀའ་ཁྲིམ་གི་སློབ་དཔོན་ཀྱིས་སློབ་དཔོན་ལེ་ཤོམ། ཁྱོད་ཀྱིས་ངོ་མ་ར་སླབ་ཅིག་ དཀོན་མཆོག་འདི་གཅིག་ར་ཨིན། དེ་བཟུམ་འབད་ ཁོ་གི་སྟ་ལས་ག་ཡང་མེད་ཟེར་ཞུ་ནུག། 33 ༣༣༽ ཁོ་ལུ་སེམས་ཀྱིས་སྡིང་ལས་དགའ་ནི་དང་ ཧ་གོ་ནི་དང་བཤུག་ལྟོབ་བརྟོན་ནི་ དེ་ལས་རང་གི་ཁྱིམ་ཚང་འདི་རང་བཟུམ་འབད་རང་མནོ་མི་འདི་ རང་གི་སྲོ་བ་ལྷག་སྟེ་མར་ཚད་འཕུལ་ནི་འདི་ ཁག་ཆེ་ཤོག་ཅིག་ཨིན། 34 ༣༤༽ ཡི་ཤུ་ཀྱི་ཁོ་གི་ལེན་ཁྲང་འབད་ སྲབ་མི་འདི་མཐོངམ་ད་ ཡི་ཤུ་ཁོ་ལུ་ ཁྱོད་དཀོན་མཆོག་གྱི་རྒྱལ་སྲད་ནང་ལས་ཐ་རིང་ས་མེད་ཟེར་གསུངས་ནུག། དེ་གི་ཤུག་ལས་འདི་ ཡི་ཤུ་ལུ་དྲི་བ་བསྐྱེད་མ་ཚུགས་པས། 35 ༣༥༽ ཡི་ཤུ་ཆོས་ཁང་གྱི་གདོང་ཁར་ ཆོས་གསུངས་འབད་སྡེདཔ་ད་ གླ་ཆེན་གི་སླབ་མི་ནང་ཁིརསི་འདི་ ད་བིད་བུ་ཨིན་ན? 36 ༣༦༽ ད་བིད་ཁོ་ར་དམ་པའི་ཐུགས་ནི་གནང། གཙོ་བོ་ལུ་གསུངས་ཡི། ང་གྱི་ལགཔ་གཡག་ཁ་ཐུགས་ལུ་སྡོད། ང་ཁྱོད་ཀྱིས་དགྲ་བྱང་ཕྱད་འདི་ ཁྱོད་ཀྱིས་རྐངམ་གྱིས་འོག་ལུ་མ་ཙུགས་ཚུན་ཚད། 37 ༣༧༽ ད་བིད་ཁོ་རང་གི་ར་གཙོ་བོ་ཟེར་བོ་ནུག། དེ་ཁིརསི་ག་དེ་འབད་ ད་བིད་ཀྱི་བུཚ་སྨོ? མི་ལེ་ཤ་ཅིག་རང་ ཁོ་ལུ་སྤྲོ་བ་གྱིས་ཐོག་ལས་ཉན་སྡོད་ནུག། 38 ༣༨༽ ཁོ་གི་བསྟོན་མི་ཡི་ཤུ་གིས་གླ་ཆོན་ལུ་དྲན་པ་བཏོན་ཞིག་ན་ གྱོན་ཆས་རིངམོ་ནང་ལམ་འགྱོ་བར་དགའ་མི་དང་ ཁྲོམ་ནང་ལུ་གདོང་བསུ་འབད་མི། 39 ༣༩༽ དེ་ལས་སི་ན་གོག་ནང་ གནམ་མེད་ས་མེད་ཁག་ཆེཝ་འབད་སྡོད་ནི་དང་ ཨ་ནི་དགའ་བཏོན་འདི་ནང་གུས་ཞབས་འབད་སའི་ས་གོ་ཡོད། 40 ༤༠༽ ཁོང་གི་ཨམ་སྲུང་ཡུ་བསང་མོ་ཚུ་གི་ ཁྱིམ་མེདཔ་བཏང་སྟེ་མི་འདི་ཚུ་གི་མཐོང་ནི་གྱི་དོན་ལུ་ སྨོན་ལམ་རིངམོ་འབད་བལྟ་མི་མི་འདི་གི་ཉེས་བྱ་སྦོམ་འབད་ཐོགཔ། 41 ༤༡༽ དེ་ལས་ཡི་ཤུ་གཞན་འདེབས་བཙུགས་སའི་ཆོས་ཁང་གི་སྒྲོམ་གི་སྦོ་ལོག་ཁར་བཞུགས་སྟེ་ མི་ཚུ་སྒྲོམ་ནང་ཏི་རུ་ཕུལ་སར་བལྟ་སྡོདཔ་ད་ མི་ཆུགཔ་ཚུ་གི་ཏི་རུ་ལེ་ཤ་བཙུགས་སར་མཐོང་ནུག། 42 ༤༢༽ དེ་ལས་ཨམ་སྲུང་ཡུ་བསང་མོ་གཅིག་འོང་སྟེ་ ཤི་ཀི་གཉིས་བཙུགས་ནུག། དེ་ཡང་ཏི་རུ་གི་གི་སྤྱང་ཀ་འབད་ནི་འདི་གིས། 43 ༤༣༽ ཁོ་ོཁོ་ར་གི་སློབ་མ་ཚུ་བོ་སྟེ་ ཁོང་ལུ་ང་གི་ཁྱོད་ལུ་ཁྲང་འབད་སླབ་གེ། ཨ་ནི་ཨམ་སྲུང་ཡུ་བསང་མོང་སྤྱང་ཀ་འདི་གྱི་མི་ག་བ་ཡང་གཞལ་འདེབས་མངམ་འབད་ཕུལ་ཡི། 44 ༤༤༽ ཁོང་ག་ར་གི་ག་ཏེ་དྲགས་དྲག་བྱིན་ཡི། དེ་འབདཝ་ད་ ཨམ་སྲུང་ཡུ་བསང་མོ་འདི་གི་འདི་མོ་ར་ལུ་ཡོད་མི་ཏི་རུ་ག་ར་གནང་སེམས་ཀྱིས་སྡིང་ལས་རང་བྱིན་ཡི།