1 དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་ཁིརིས་ཡི་ཤུ་ཀྱི་སྐུ་ཚབ་ང་པའུལ་དང་ང་བཅས་ཀྱི་སྤུན་ཆ་ཏི་མོ་ཐི། 2 ༢ ཀོ་ལོ་སེ་ནང་སྡོད་དཀོན་མཆོག་གི་དམ་པའི་མི་དང་ཁིརིས་དང་ཡོད་མི་སྤུན་ཆ་ཁྱོད་ལུ། ཡབ་དཀོན་མཆོག་གི་ཐུགས་རྗེ་དང་ཞི་བདེ་ཁྱོད་དང་མཉམ་སྡོད་ཅུག། 3 ༣ ང་བཅས་ཀྱི་གཙོ་བོ་ཁིརིས་ཡི་ཤུ་ཀྱི་ཡབ་དཀོན་མཆོག་ལུ་བཀའ་དྲིན་བསམ་ཨིན། དེ་ལས་ཁྱོད་ལུ་ང་བཅས་ཀྱི་དུས་ཨ་རྟགས་ར་སྨན་ལམ་ཞུ་དོག། 4 ༤ ང་བཅས་ཀྱི་ཧ་དགོ་ཡི་ཁྱོད་ཁིརིས་ཡི་ཤུ་ནང་དད་པ་ཡོད་མི་དང་ཁྱོད་ཚུ་གི་བྱམས་པ་དཀོན་མཆོག་གི་དམ་པའི་སྤུན་ཆ་ལུ་འབད་ཡོད་མི། 5 ༥ ཁྱོད་ལུ་འདི་བྱམས་པ་ཡོད་མི་འདི་ག་ཅི་སྨོ་ཟེར་བ་ཅིན་རེ་བ་འདི་ཁྱོད་ལུ་ཞིང་ཁམས་ནང་བསགས་བཞག་ནུག། ཁྱོད་ཀྱི་ཨ་ནི་གི་རེ་བ་གི་སྐོར་ལས་འདི་བདེན་པ་གི་གསུང་གཏམ་བཟང་གི་གདོང་ཁར་ཧ་དགོ་ཡི། 6 ༦ ཁྱོད་འབད་ས་འོང་མི་ཨ་ནི་གཏམ་བཟང་འདི་གི་གྲུབ་འབྲས་ལེགས་ཤོམ་བྱུང་དོ་དེ་ལས་ཨ་ནི་གཏམ་བཟང་འདི་འཛམ་བུ་གླིང་ཡོངས་ལུ་ཡར་འཕེལ་འགྱོ་དོ། འདི་ཁྱོད་ནང་འབད་དགོཔ་མི་འདི་ཡང་གཏམ་བཟང་ཧ་དགོ་བའི་ཉིམ་ལས་ཁྱོད་དཀོན་མཆོག་གི་ཐུགས་རྗེ་གི་སྐོར་ལས་བདེན་པ་འདི་ཧ་དགོ་ནི་ཨིན། 7 ༧ ཁྱོད་ཀྱི་ཨི་པ་ཕིརས་ལུས་སླབ་མི་ཨ་ནི་གཏམ་བཟང་འདི་ང་བཅས་ཀྱི་ཧོངས་ལས་ཁིརིས་ཀྱི་དམ་ཚིག་ཅན་གྱི་ལས་གཡོག་ང་བཅས་ཀྱི་སྤུན་ཆ་མཉམ་རོགས། 8 ༨ ཨི་པ་ཕིརས་ཀྱི་ང་བཅས་ལུ་ཁྱོད་ཀྱི་བྱམས་པ་འདི་ང་བཅས་ཀྱི་ནམ་གཞི་ལུ་སྟོན་གནང་ཡི། 9 ༩ ག་ཅིག་སྨོ་ཟེར་བ་ཅིན་ཨ་ནི་བྱམས་པ་འདི་གོ་བའི་ཉིམ་ལས་འགོ་བཅུགས་སྟེ་ང་བཅས་ཀྱི་ཁྱོད་ཚུ་ལུ་སྨན་ལམ་ཞུ་ནི་བཀོ་མ་བཞག། ང་བཅས་ཀྱི་ཁྱོད་ཚུ་ལུ་ཁོ་གི་ཐུགས་གོང་བཞིན་དུ་རིག་པ་དང་ཤེས་རབ་དེ་ལས་ནམ་གཞི་ནང་ཧ་གོ་ནི་གི་དོན་སྟོབས་ཤུགས་གནང་བཅུག་ཟེར་སྨན་ལམ་ཞུཝ་ཨིན། 10 ༡༠ ང་བཅས་ཀྱི་ཁྱོད་ལུ་གཞན་ལུ་ཡང་ཆ་རོགས་འབད་ཚུགས་ནི་དང་དེ་བཟུམ་སྦེ་གཙོ་བོ་ལུ་གུས་བཀུར་འབད་དེ་དང་འཁྲེལ་ཏེ་སྡོད་ཅུ་ཟེར་སྨན་ལམ་ཞུཝ་ཨིན། ང་བཅས་ཀྱི་ཁྱོད་ཚུ་ལུ་དཀོན་མཆོག་གི་སྐོར་ལས་ལེ་ཤ་ཧ་གོ་ནི་དང་ཁོ་གི་གསུང་མི་འདི་ཚུ་ག་ར་ལེགས་ཤོམ་སྦེ་འབད་ཚུགས་ནི་གི་དོན་ལུ་སྨན་ལམ་ཞུཝ་ཨིན། 11 ༡༡ ང་བཅས་ཀྱི་ཁྱོད་ལུ་དེ་སྨོན་ལམ་ཞུཝ་ཨིན། ཁོ་ནང་ཡོད་པའི་སྟོབས་ཤུགས་གི་ཐོགས་ལས་སྒྲིང་སྒྲིང་འབད་བཞག་ཅུག་དེ་ལས་དེ་གི་སྦེ་ཁྱོད་ལུ་བྱུང་མི་དཀའ་ངལ་དང་སྡུག་བསྔལ་ག་ར་བཟོད་པའི་སྒོ་ལས་ཡུན་རིང་ནི་དང། 12 ༡༢ ང་བཅས་ཀྱི་ཁྱོད་ལུ་དགའ་སྤྲོ་གི་ཐོགས་ལས་དང་ང་བཅས་རའི་ཡབ་དཀོན་མཆོག་ལུ་བཀའ་དྲིན་བསམ་དི་སྡོད་བཅུ་ཟེར་སྨན་ལམ་ཞུཝ་ཨིན ག་ཅི་སྨོ་ཟེར་བ་ཅིན་ཁོ་གི་ཁྱོད་ལུ་གསལ་ཏོག་ཏོ་འབད་ཆ་འཇོག་དང་སྡན་པའི་གཞན་གཅིག་ཁར་སྡོད་ནི་གི་དོན་ལུ་ཁོ་གི་ཁོ་རའི་གི་དོན་ལུ་བཙགས་ཐུགས་གནང་ནུག། དེ་སྦེ་འབད་དགོཔ་མི་འདི་ཁོ་རའི་ཅ་ལ་ཚུ་ཁྱོད་ཚུ་གི་དོན་ལུ་བཞག་མི་འདི་ཁོ་གི་ག་ར་བྱིན་ནི་ཨིན། དེ་ཡང་ང་བཅས་ཁོ་གི་སྐུ་མདུན་གྱི་ཡོད་ཟེར་ནང་ལུ་སྡོད་པའི་སྐབས། 13 ༡༣ ང་བཅས་ཀྱི་ཡབ་དཀོན་མཆོག་གི་ང་བཅས་ལུ་བདུད་ཀྱི་དབང་ལས་སྲོག་སྐྱབས་འབད་དེ་ཁོ་རའི་སྲས་ཀྱི་རྒྱལ་སྲད་ནང་ཁྱད་འོང་ཡི། 14 ༡༤ ངན་པ་འདི་ལས་སྲས་ཀྱི་ང་བཅས་ལུ་ཐར་གཏང་གནང་ཡི། དེ་ལས་ཁོ་གི་ང་བཅས་ལུ་ཐར་གཏངམ་ད་ཁོ་གི་ང་བཅས་ཀྱི་སྡིག་པ་ཡང་བཤགས་པ་གནང་ཡི། 15 ༡༥ ང་བཅས་ཀྱི་སྲས་འདི་ཤེས་པ་ཅིན་ང་བཅས་ཀྱི་དཀོན་མཆོག་འདི་ག་བཟུམ་ཡོདཔ་ཧིན་ན་འདི་ང་བཅས་ཀྱི་ཧ་དགོ། ཨིན་རུང་ར་ཁོ་ང་བཅས་ཀྱི་མཇལ་མི་ཚུ། སྲས་འདི་ལུ་ཁོ་རའི་བཟོ་ཡོད་པའི་དངོས་པའི་ག་ར་ནང་ལས་དང་པ་ཨིན་མས། 16 ༡༦ ག་ཅིག་སྨོ་ཟེར་བ་ཅིན་ཁོ་ལས་རྒྱུག་དེ་དོངས་པོ་ཚུ་ག་ར་བཟོ་ནུག། ཡར་ཞིང་ཁམས་ལུ་བཞུགས་མི་དང་མར་ས་ཁར་སྡོད་མི་དང་མི་གི་ཐོང་མི་དང་མི་གི་མ་ཐོང་མི་དངོས་པོ་ཚུ་དང་ཡང་ན་བདུད་དང་དབང་བཙན་ཡང་ན་གཞུང་དང་དབང་ཚད་ཡོད་མི་ག་ར་ཁོ་གི་དོན་ལུ་དང་ཁོ་གི་འབད་མཛད་གནང་ནུག། 17 ༡༧ ཁོ་ཁོ་ར་ག་ཡང་མ་སྡོད་པའི་ཧེ་མ་ཞུ་ནུག། དེ་ལས་ཁོ་ནང་ལུ་དངོས་པོ་ཚུ་ག་ར་ཁོ་གི་ལགཔ་ཁར་སྡོད་ནུག། 18 ༡༨ ཁོ་འདི་སྐུ་གཟུགས་དང་ཆོས་ཚོགས་ཀྱི་དབུ་ཨིན། ཁོ་འདི་མངོན་འགོ་ཐོག་དང་ཤི་མི་གི་ནང་ལས་འགོ་དང་པ་ཨིན། དེ་འབད་ནི་འདི་གི་ཁོ་ལུ་དངོས་པོ་ཚུ་གི་ནང་ལས་ཁོ་ལུ་ག་ར་ལས་ཐོ་བའི་ས་དགོ་ཡོད། 19 ༡༩ ཡབ་དཀོན་མཆོག་གི་ཁོ་རའི་རང་བཞིན་ཚུ་ག་ར་ཁིརིས་ནང་ཐོངམ་ད་ཁོ་ཐུགས་གཉིད་ནུག། 20 ༢༠ འདི་བཟུམ་སྦེ་འདི་ཚུ་ག་རང་ཡི་ཤུ་གི་ཐོགས་ལས་བཞི་བདེ་ནང་ལོག་ཏེ་ག་ར་ཁོ་ར་འབད་ས་འབད་འོངམ་ད་དེ་གི་ཡང་དཀོན་མཆོག་ཐུགས་གཉིད་ནུག། དེ་ལས་དཀོན་མཆོག་གི་ཁོ་གི་སྐུ་ཁྲག་གི་ཐོགས་ལས་ཞི་བདེ་དེ་ནུག། ཁོ་རང་དང་མཉམ་ག་ར་ལོག་འབག་འོངམ་མ་ཚད་མར་ས་ཁའི་དངོས་པོ་ཚུ་ཨིན་རུང་ཡར་ཞིང་ཁམས་ཀྱི་དངོས་པོ་ཚུ་ཨིན་རུང་འདི་ཚུ་ག་ར་དཀོན་མཆོག་དང་གཅིག་ཁར་འཆམ་ཁ་བཟོ་ནུག། 21 ༢༡ ཚ་གཅིག་ཁྱོད་ཚུ་ཡང་དཀོན་མཆོག་གྱོནམ་དང་ཁོ་གི་སེམས་ཀྱི་དགྲ་དང་ལཱ་ངན་པ་འབད་མི་ཨིན། 22 ༢༢ དེ་འབདཝ་ད་ད་ལྟོ་ཁྱོད་ཚུ་ཁོ་གི་མི་གི་མི་གི་ལུས་ནང་ཤི་བའི་ཐོགས་ལས་ཁྱོད་ཚུ་གཅིག་ཁར་འབག་འོང་ཡི། ཁོ་གི་དེ་འབད་ར་འབད་དགོ་མི་འདི་ཁྱོད་དམ་པ་འབད་སྟོན་ནི་དང་སྐྱེན་ག་ནི་ཡང་མེདཔ་སྦེ་ཁོ་གི་གདོང་ཁར་སྟོན་ནི་གི་དོན་ལུ་ཨིན། 23 ༢༣ ཁྱོད་ཀྱི་དད་པ་ནང་འཕྲོ་མཐུད་དེ་འབད་རང་སྡོད་བ་ཅིན་ཁྱོད་ཀྱི་གཞི་བཙུགས་མི་རེ་བ་ནང་ལས་མ་སྤར་བར་ཀྱོད་ཀྱི་ཧ་གོ་མི་གཏམ་བཟང་འདི་དད་པ་སྒྲིང་སྒྲིང་འབད་བཞག། ཨ་ནི་འདི་ཞིང་ཁམས་གྱི་འོག་ལུ་ཡོད་པའི་མི་རིགས་ག་ར་ལུ་བཤད་ཡོད་པའི་གཏམ་བཟང་འདི་ཨིན། ཨ་ནི་འདི་ང་པའུལ་སྐུ་ཚབ་ང་གི་གཏམ་བཟང་ཨིན། 24 ༢༤ ད་ང་རའི་སྡུག་བསྔལ་ནང་ཁྱོད་ལུ་དགའ་སྤྲོ་འགྱུར་ཨིན། ཆོས་ཚོགས་ནང་ཆ་རོགས་འབད་ནི་གི་དོན་ལུ་ད་ལྟོ་བྱུང་མི་དཀའ་བསྔལ་ཚུ་ཡང་ཁྱོད་ཀྱི་ཐོབ་ཐངས་ཀྱི༌དོན༌དགའ༌སྤྲོ༌འགྱུར༌སྡོདཔ༌ཨིན། 25 ༢༥ དཀོན་མཆོག་གི་ང་ལུ་ཁོ་རའི་གཡོགཔ་འབད་མཛད་གནང་ཡི་དེ་ལས་མིག་གསོལ་གྱི་ལཱ་འབད་ནི་གི་དོན་ལུ་ང་ལུ་དགོན་ཁུར་གནང་ཡི། ཨ་ནི་འདི་དཀོན་མཆོག་གི་སྒྲུབ་ནི་གི་དོན་ལུ་ཨིན། 26 ༢༦ ཧེ་མ་ཀྱི་མི་རབས་ནང་དཀོན་མཆོག་གི་ཨ་ནི་གཏམ་བཟང་འདི་མ་བཤད། དེ་འབདཝ་ད་ད་ལྟོ་མི་ལ་ལུ་ཁོ་རའི་གི་དོན་ལུ་བཙགས་མཐུ་འབད་བཞག་མི་ཚུ་ལུ་ཨ་ནི་ཡ་མཚད་ཆེ་བའི་ལཱ་འདི་གསལ་ཏོག་འབད་ཕྱི་ཁར་སྟོན་གནང་ཡི། ༢༧ 27 ཨ་ནི་ཧ་ལས་པའི་གསང་བ་འདི་བཤད་ནི་གི་དོན་ལུ་ཁྱོད་བཟུམ་ཅིག་ལུ་མཆར་ཞིག་མཛད་གནང་ནུག། ཨ་ནི་གསང་བ་འདི་ཁིརིས་འདི་ཁྱོད་ནང་ལུ་སྡོད་འོང། དེ་ལས་དཀོན་མཆོག་གི་གཟི་བཇིད་ཀྱི་དོན་ལུ་རེ་བ་སྐྱེ་ཡོད་མི་འདི་ཁྱོད་ཀྱི་ཐེ་ཚོམ་མེད་པར་བཤད་ནི་ཨིན། 28 ༢༨ ང་བཅས་ཤེས་རབ་ཀྱི་གོ་ལས་མི་ག་ར་ལུ་ཉེན་བརྡ་འདི་ཚུ་སྐྱེས་དེ་ལས་ཆོས་འདི་ཚུ་སྟོན་ཏེ་ཁོ་གི་སྐོར་ལས་ཁྱབ་བསྒྲགས་འབདཝ་ཨིན། དེ་འབདཝ་ལས་ང་བཅས་ཀྱི་ཁིརིས་ནང་མི་ག་ར་ལུ་དད་པ་ནང་སྒྲིང་སྒྲིང་འབད་ཚུགསཔ། 29 ༢༩ དེ་འབད་ནི་འདི་གི་ང་རྩ་འགེངས་ཏེ་འབདཝ་ཨིན། ག་ཅིག་སྨོ་ཟེར་བ་ཅིན་ཁིརིས་ཀྱི་ང་ལུ་ཤུགས་སྟོབས་གནངམ་ཨིན།