1 ༡ ཁྱོད་ལཝ་དི་སི་པ་ནང་སྡོད་མི་དང་དདཔ་ཅན་སྤུན་ཆ་ཁྱོད་ཚུ་གི་ང་ངོས་གསོ་འབད་མ་ཐོང་མི་ཚུ་ལུ་ཡང་ང་ཁྱོད་ལུ་ཆ་རོགས་འབད་ནི་གི་དོན་ལུ་ག་དེ་སྒྲ་གྲ་རྩ་འགེངས་ཏེ་འབད་དོ་ཟེར་ཁྱོད་ཀྱི་ཧ་མགོ་བཅུ་ཟེར་མནོ་ཡི། 2 ༢ ང་གི་འདི་བཟུམ་སྦེ་འབད་མི་འདི་ང་གི་ཁོང་ཚུ་ལུ་སེམས་གསོ་འབད་ནི་དེ་ལས་ཁོང་ཚ་གི་རང་འབད་རུང་གཅིག་ཁར་སྡོམ་དེ་བྱམས་པ་ནང་སྡོད་ནི་གི་དོན་ལུ་ཨིན། དེ་ལས་ཁོང་ལུ་ཧ་ལས་སི་སི་གི་རྒྱུ་ནོར་དང་དཀོན་མཆོག་གི་གསང་བ་དང་ཁོ་གི་བདེན་པ་གི་སྐོར་ལས་ག་ར་གསོལ་ཏོག་ཏོ་འབད་ཧ་གོ་ཟེར་རེ་བ་ཡོད། ཨ་ནི་གསང་བ་འདི་ཁིརིས་འདི་ཨིན། 3 ༣ ཁོ་ནང་ལུ་ཤེས་རབ་ཀྱི་བང་མཛད་དང་རིག་པ་ཚུ་གསང་བ་ཨིན། 4 ༤ ང་འདི་ཚུ་ཁྱོད་ལུ་སླབ་དགོ་མི་འདི་མི་ག་གི་ཡང་ཁྱོད་ལུ་མགུ་སྐོར་རྐྱབ་མ་བཅུ་ནི་གི་དོན་ལུ་ཨིན། 5 ༥ ཨིན་དེ་འབད་རུང་ང་ཁྱོད་དང་གཅིག་ཁར་ཤ་རུལ་ནང་མེད། དེ་བཟུམ་སྦེ་ང་ཁྱོད་དང་ཅིག་ཁར་ངོ་མ་སྦེ་ར་ཡོདཔ་བཟུམ་སྦེ་ཁྱོད་ཀྱི་སྐོར་ལས་གནམ་མེད་ས་མེད་ཚ་རྒྱས་ཡོད། ཨིན་རུང་ང་དགའ་སྤྲོ་ཐེན་དེ་ཡོད། ག་ཅི་སྨོ་ཟེར་བ་ཅིན་ང་གི་ཤེས་ཁྱོད་ཁིརིས་ཀྱི་རྟིང་བདག་ཏེ་ཁོ་གི་ལམ་ནམ་འགྱོ་ཨིན་དེ་འབདཝ་ལས་ག་ཅིག་གི་ཡང་བཀག་མ་ཚུགསཔ་ཨིན། དེ་ལས་ཁྱོད་ཀྱི་འབད་མི་འདི་བཀོ་མ་བཞག་པར་ཡི་ཤུ་ལུ་བདེན་འཛིད་རེད་དད་པ་སྐྱེས་དེ་ཡོད། 6 ༦ ད་ཁྱོད་ཀྱི་གཙོ་བོ་ཁིརིས་འདི་ལུ་དད་པ་སྐྱེཝ་ལས་སྟེན་ཏེ་ཁྱོད་ཀྱི་ཁོ་གི་ལམ་འགྱོ་དགོ། 7 ༧ ཤིང་འདི་གི་ར་ཏོ་ས་གི་ནང་ན་དར་ཁྱབ་འགྱོ་དོ་བཟུམ་སྦེ་ཁྱོད་ཀྱི་ཁིརིས་ནང་དད་པ་སྐྱེས་ནི་དེ་བཟུམ་སྦེ་རང་སླབ་དགོ། དེ་ལས་མི་གཅིག་གི་ཁྱིམ་འདི་ས་སྒོ་ལེགས་ཤོམ་གཅིག་ལུ་རྐྱབ་དོ་བཟུམ་སྦེ་ཁྱོད་ཀྱི་ཡང་དུས་ཨ་རྟག་རང་དཀོན་མཆོག་ལུ་སྨན་ལམ་ཞུ་དགོ། 8 ༨ དེ་འབདཝ་ད་ཁོང་གི་སྟོན་མི་ཆོས་དང་འཛམ་གླིང་གི་དངོས་པོ་ནང་གསོལཝ་བཏབ་མི་མི་ཚུ་ལུ་དད་པ་མ་སྐྱེས། དེ་འབདཝ་ད་དེ་གི་ཚབ་མ་ཁིརིས་ཀྱི་བཀའ་ལུ་ཉན། 9 ༩ ག་ཅིག་སྨོ་ཟེར་བ་ཅིན་ཁོ་ནང་དཀོན་མཆོག་གི་རང་བཞིན་ཡོངས་སུ་རྫོགསཔ་རྩེ་ཞུགས་དེ་ཡོད། 10 ༡༠ ད་ཁྱོད་ལུ་དགོཔ་ག་ར་དཀོན་མཆོག་གི་གནང་དེ་ཡོད་ག་ཅིག་སྨོ་ཟེར་བ་ཅིན་ཁོ་གི་ཁྱོད་ལུ་ཁིརིས་དང་གཅིག་ཁར་བསྡོམ་གནང་ཡི་དེ་ལས་ཁོ་གི་མི་གཞན་ཚུ་ཡང་ག་ར་དང་ཐུགས་གཉིད་དེ་ལས་ཕོ་ཉ་འདི་ཚུ་ཡང་རྒྱལ་ཁབ་སྐྱོང་དེ་བཞགཔ་ཨིན། 11 ༡༡ ཁྱོད་ཡང་ཁོ་ནང་རྟགས་བཀལ་ཡི་དེ་འབདཝ་དཨ་ནི་འདི་ཁིརིས་ཀྱི་རྟགས་ཨིན། 12 ༡༢ ཁྱོད་ཁོ་དང་གཅིག་ཁར་དུས་ཁུངས་ནང་བཙུགས་སྟེ་ཁྲིལ་གསོལ་ལེནམ་ཨིན། དེ་ཁྱོད་ཁོ་དང་མཉམ་གསོན་པོ་འབད་ལོང་མི་འདི་ཁྱོད་རའི་གི་དད་པ་གི་ཐོགས་ལས་དང་ཁོ་ཤི་ས་ལས་གསོན་པོ་འབད་ཞིངས་གནང་མི་དཀོན་མཆོག་གི་ཤུགས་སྟོབས་ལས་ཨིན། 13 ༡༣ ཁྱོད་ཤི་མི་འདི་ཁྱོད་དཀོན་མཆོག་གི་བཀའ་ལུ་མ་ཉན་པར་སྡིག་པ་འབད་དེ་ཨིན། ག་ཅིག་སྨོ་ཟེར་བ་ཅིན་ཁྱོད་ཡ་འུ་དཔ་གྱི་བཀའ་ཁྲིམས་ཀྱི་རྟགས་དེ་མ་སྐྱེལ་ནི་འདི་གི་ཨིན། དེ་འབདཝ་ད་ཁོ་གི་ཁྱོད་ལུ་གསོན་པོ་འབད་གཅིག་ཁར་བཞག་ནི་དང་ང་བཅས་ཀྱི་འབད་མི་སྡིག་པ་ཚུ་ག་ར་བཞགས་པ་གནང་ཡི། 14 ༡༤ ང་བཅས་ལུ་ཕོག་ནི་ཡོད་པའི་བུ་ལན་འདི་ཁོ་གི་ཆ་མེད་གཏང་ཏེ་ཁོ་གི་ང་བཅས་ཀྱི་སྡིག་པ་འདི་ག་ར་ཁྲམ་ཤིང་གུ་ལྕགས་གཟེར་བརྡབ་ཏེ་ང་བཅས་ཀྱི་ལཱ་ངན་པ་ཚུ་འབདཝ་ལས་ཁིརིས་བཤག་དགོཔ་བྱུང་ཡི། 15 ༡༥ དེ་མ་ཚད་དཀོན་མཆོག་གི་ཨ་ནི་འཛམ་གླིང་གི་མི་སྐྱོང་ངན་སེམས་ནང་ལས་ག་ར་རྒྱལ་ཁབ་ཐོབ་ཏེ་དེ་ཚུ་ག་ར་གི་ཤེས་ནི་གི་དོན་ལུ་ངན་པ་འདི་ཚུ་ཕམ་གཏང་གནང་ནུག། འདི་ཡང་ཁྲམ་ཤིང་གི་ཐོགས་ལས་ཁོང་ག་ར་ལས་རྒྱལ་ཁ་ཐོབ་གནང་ནུག། 16 ༡༦ དེ་འབད་ནི་འདི་གི་ཁྱོད་ག་ཅིག་བཟའ་རུང་ག་ཅིག་ཐུང་རུང་ཡང་དུས་ཆེན་ཚུ་བརྩོ་སྲུང་འབད་རུང་ཡང་ཟླཝ་གསརཔ་གི་སྐོར་ལས་དང་ས་བེད་ཀྱི་སྐོར་ལས་ཁྱོད་ལུ་ག་གི་ཡང་ཁྲིམས་བཅད་མ་བཅུ། 17 ༡༧ ཨ་ནི་འདི་ཚུ་འདི་འོང་ནི་འབད་མི་གྱིབ་མ་ཨིན། དེ་འབདཝ་ད་གཞི་དོན་འདི་ཁིརིས་ཨིན། 18 ༡༨ མི་ལ་ལུ་མཉམ་ཆུང་འབད་ཨིན་རྫུ་བཏབ་མི་དང་ཕོ་ཉ་འདི་ཚུ་ལུ་གསོལཝ་བཏབ་སྡོད་མི་ཚུ་ལུ་ཁྱོད་ཀྱི་ཁོང་བཟུམ་སྦེ་ཅོག་གཅིགཔ་འབད་ནི་ལུ་ཡིད་ཆེས་མ་བསྐྱེད། ག་དེམ་ཅིག་འབད་དེ་ཁྱོད་ཀྱི་འབད་བ་ཅིན་ཁིརིས་ཀྱི་ཁྱོད་ལུ་ཁས་ལེན་བཤེད་མི་འདི་འཕྲོ་བརླག་འགྱོ་ནི་ཨིན། དེ་ལས་ཨ་ནི་མི་འདི་ཚུ་ཨ་རྟགས་ར་མཐོང་སྣང་གི་སྐོར་ལས་ཁོང་གི་དཀོན་མཆོག་གི་ཁོང་ལུ་ཐོང་ནི་གི་འོས་འབབ་གནང་ཡི་ཟེར་ཁོང་རང་བསྟོད་རྐྱབ་ཏེ་དཀོན་མཆོག་ལུ་ག་ཏེ་གི་མི་གི་ཡང་གུས་བཀུར་མ་ཕེལ་དོ་བཟུམ་སྦེ་མནོ་སྡོད་ནུག། 19 ༡༩ དེ་བཟུམ་མི་འདི་ཁིརིས་དང་གཅིག་ཁར་མ་སྡོམས། ཁིརིས་འདི་སྐུ་གཟུགས་ཀྱི་དབུ་ཨིན། དེ་ལས་ཨ་ནི་སྐུ་གཟུགས་འདི་ག་ར་ཁོ་ལུ་དད་པ་སྐྱེས་མི་ཆ་ཁྱབ་ཨིན། སྐུ་གཟུགས་འདི་ག་ར་མགུ་ཏོ་ལུ་བློ་གཏད་ཚུགསཔ་ཨིན། དེ་བཟུམ་སྦེ་མགུ་ཏོ་གི་གཟུགས་ནང་ཡོད་པའི་ཡན་ལ་ཚུ་ག་ར་གཅིག་ཁར་བཙུགས་དེ་ལས་རུ་ཏོ་ཚུ་ཡང་གཅིག་ཁར་བསྡོམས་ཏེ་ལཱ་འབདཝ་ཨིན། དེ་ལས་དེ་འབད་བྱུང་དགོཔ་མི་འདི་ག་ར་དཀོན་མཆོག་ལས་ཨིན། 20 ༢༠ ཁྱོད་ཁིརིས་དང་གཅིག་ཁར་ཤི་ཡི་ཟེར་མི་གི་བཟོ་མི་ལམ་ལུག་དེ་ལས་དཀོན་མཆོག་ལུ་ག་དེ་འབད་ཐུགས་གཉི་བཅུ་ནི་ཨིན་ཨ་ནི་མི་ཚུ་གི་ཁྱོད་སྐྱོང་མི་ཚུ། དེ་འབད་ནི་དེ་གི་ག་ཅིག་འབད་ཁྱོད་ཀྱི་ད་ལྟོ་ཡང་འདི་ལུ་ཕྱག་ཞུ་ཏེ་སྡོདཔ་སྨོ། 21 ༢༡ དེ་འབདཝ་ལས་ཁྱོད་ཁོང་དང་ཅིག་ཁར་འབྲེལ་བ་མ་འཐབ་བྲོཝ་མ་བལྟ་དེ་བཟུམ་སྦེ་འབྲེལ་བ་མ་བཞག། 22 ༢༢ མི་གི་བྱིན་མི་བཀའ་རྒྱ་དང་སྟོན་གནང་མི་ཚུ་ག་ར་ཕན་ཐོགས་མེདཔ་འགྱོ་ནི་ཨིན། 23 ༢༣ མ་ཤེས་ཁོང་གི་སྟོན་མི་ཚུ་ལེགས་ཤོམ་མཐོང་འོང་ཨ་ནི་དེ་འབད་རུང་འདི་མི་གི་བཟོཝ་ཨིན་ག་ཅིག་སྨོ་ཟེར་བ་ཅིན་ཁོང་ཁོ་རའི་གི་ཐ་དོན་ལུ་བལྟ་སྟེ་རྐྱངམ་ཅིག་དཀོན་མཆོག་ལུ་གུས་བཀུར་ཞུཝ་ཨིན། དེ་འབད་ནི་འདི་གི་མང་ཤོ་རང་མཉམ་ཆུང་འབད་ཐོངམ་ཨིན། གནོད་དོན་འདི་ལས་འབད་ཁོང་གི་ཁོ་རའི་གཟུགས་འདི་ལུ་རྨ་བཏོན་ཏེ་སྡོདཔ་ཨིན། དེ་བཟུམ་འབད་ག་དེམ་ཅིག་འབད་ང་བཅས་ཀྱི་འདི་གི་ཁྲིམས་ལུགས་དང་ཁྲེལ་ཏེ་ཕྱག་ཞུ་བ་ཅིན་ཐད་རི་བ་རི་ང་བཅས་ཀྱི་སྡིག་པ་འབད་ནི་འདི་བཀག་མི་ཚུགས།