ལེའུ ༢

1 ༡་ འདི་འབདཝ་ལས་ང་བཅས་ཀྱི་གོ་མི་འདི་ལུ་ཧེ་མ་ལས་ལྷགཔ་སྦེ་དྲེནམ་སྟོན་ཏེ་སྡོད་དགོ། དེ་སྦེ་སྡོད་པ་ཅིན་ང་བཅས་འདི་ནང་ལུ་སྡོད་ཚུདསཔ་ཨིན། 2 ༢ ག་ཅི་སྨོ་ཟེར་བ་ཅིན་ ཧེ་མ་ཕོ་ཉ་ཚུ་གྱི་སླབ་མི་སྲུང་མི་ཚུ་ག་ར་ བློ་གཏད་ཚུགསཔ་ཡེདཔ་ལས་ ངན་པ་འབད་མི་དང་དཀའ་ལུ་མ་ཉེན་མི་ཚུ་ག་ར་ ཁྲིམས་ཕོག་ནི་ཨིན། 3 ༣ ང་བཅས་ཀྱི་ག་དེ་སྦེ་ཐར་པ་འདི་ལུ་ཡ་མེདཔ་འབད་བཞག་ནི་དང་ འདི་ནང་ལས་ག་ཡང་འགྱོ་མི་ཐེད་ ཐར་པ་འདི་གོ་དང་པ་ལས་ར གཙོ་བོ་ཡེ་ཞུ་གིས་ ང་བཅས་ཚུ་ལུ་ གསལ་ཏོག་ཏོ་འབད་དང་ ཏན་ཏན་འབད་ཁོ་ལུ་ཉེན་མི་ཚུ་ལུ་ གསུངས་གནང་སྟེ་ཡོདཔ་ཨིན། 4 ༤ འདི་བཟུམ་དཀོན་མཆོག་གྱི་ཧེ་མ་ལས་རང་ཕྱག་ལཱ་དྲཝ་ཏགས་ཚན་ཧ་ལེ་སི་སི་ཁོ་གྱི་སྟོབ་ཤུགས་ཐོག་ལས་བཏོན་གནང་ཡི། ཁོ་གྱི་ཐུགས་གོངས་བཞིན་དུ་ དམ་པའི་ཐུགས་ཉིད་ཀྱི་འབད་གསལ་རེ་མ་དྲཝ་གནང་སྟེ་ཡོདཔ་ཨིན། 5 ༥ འོང་མི་འཇམ་གླིང་འདི་དཀོན་མཆོགས་གྱི་ཕོ་ཉ་ཚུ་གྱི་དབང་གིས་འོག་ལུ་བཅུགས་ནི་དོན་ལུ་བཙག་ཐུགས་མ་འབད་ཟེར་། 6 ༦ འདི་འབདཝ་ད་གསུང་རབས་ནང་དེ་སྦེ་བྲིས་དེས་ཡོད། མི་འདི་ཁྱོད་ལུ་ག་ཅི་འབད ཁ་ཆེཝ་སྨོ མི་འདི་ག་སྨོ་ ཡང་ན་མི་གི་བུ་ག་ཅི་འབད་ ཁྱེད་ཀྱི་ཁོ་ལུ་བདག་འཇིན་འབདཝ་སྨོ། 7 ༧ དུས་ཡིན་ཐུང་ཀུ་གཅིག་གི་དོན་ལུ་ཁོ་དི་ཕོ་ཉ་ཚུ་ལས་ཨ་ཙི་ཙི་མ་ཉུངམ་ དང་ཁོ་ལུ་གཟི་བརྗིད་དང་ གུས་ཞབས་ཀྱིས་དམའ་སོཝ་ནང་ནུག། 8 ༨ ཁྱོད་གི་ག་ར་ཁོ་གྱི་དབང་གྱི་འོག་ལུ བཙུགས་ནི་ཨིན། དཀོན་མཆོག་གི་ག་ར་ཁོ་གི་དབང་གི་འོག་ལུ་བཙུགས་ཏེ་ ཡོད་པ་ཅིན་ཁོ་གི་དབང་གྱི་འོག་ལུ མེད་མི་ག་ཅི་མེད། འདི་འབདཝ་ད་ཁོ་གི་ ག་ར་དབང་བཙོང་མི་ང་བཅས་ཀྱིས་མི་མཐོང་པས། 9 ༩ དུས་ཡིན་ཐུང་ཀུ་གཅིག་གི་དོན་ལུ ཡེ་ཤུ་ཕོ་ཉ་ལས་ཨ་ཙི་ཉུངམ་འབད་ཟོཝ་ཏེ་འབད་རུང ང་བཅས་ཀྱིས་ཁོ་ལུ་མཐོན་ཚུགས་པས་ ཁོ་ལུ་གཟི་བརྗིད་དང་གུས་ཞབས་ཕུལ་ས་ ག་ོཅི་འབད་ཟེར་བ་ཅིན ཁོ་སྡུག་ངལ་མྱོང་སྟེ གཞགས་ཅི་ཁོ་དཀོན་མཆོག་གི་ཐུགས་རྗེ་ལས་འབད ཡེ་ཞུ་ག་ར་གྱི་དོན་ལུ་གཤགས་ཅི། 10 ༡༠ དཀོན་མཆོག་གི་ག་ར་ལེགས་ཤོམ་འབད་ མཇད་ཏེ་ཁོ་གི་ཐོག་ལས་འབད་ ཁོ་རའི་དོན་ལུ་མཇད་གནང་ནུག། འདི་གི་འབད་མི་ལེགས་ཤ་གཅིག་ཁོ་ལུ་ ཐུག་བརྗིད་ཕུལ་ཚུ་ནི་དོན་ལུ་ཨིནམ་མས། འདི་གི་དོན་ལུ་མི་ཚུ་ལུ་ཐར་པ་གནང་ཏེ་ སྐྱབས་ཟིགས་ནི་གི་དོན་ལུ་ ཡེ་ཤུ་ལུ་དཀའ་ངལ་དང་སྡུག་ངལ་མྱོང་བཅུགས་ནུག། 11 ༡༡ ཡེ་ཤུ་གིས་འབད་མི་ག་ར་དམ་པ་མཛད་གནང་ཡི། དེ་ལས་ཁོང་ཚུ་ག་ར་བཟའ་ཚང་གཅིག་འབད་མཛད་གནང་ཡི་ འདི་གི་འབད་ཁོ་གི་ཁོང་ཚུ་ལུ་ ངེའི་སྤུན་ཆ་ཟེར་འབོ་ནི་་གི་དོན་ལུ་ཁོ་ངོ་མི་ཚར། 12 ༡༢ ཁོ་གི་དེ་སྦེ་གསུངམ་ཨིན་ དཀོན་མཆོག་ངེའི་སྤུན་ཚུ་ལུ་ཁྱེད་གྱིས་སྐོར་ལས་སླབ་ནི་ཨིན་ ཁྱེད་མི་ཚུ་གི་དོན་ལུ་ང་གི་གུར་མ་འཐོན་ཏེ་ཁྱོད་ལུ་བསྟོད་པ་ཕུལ་ནི་ཨིན། 13 ༡༣ ཁོ་གི་དེ་སྦེ་ཡང་སླབ་ཅི་ང་གི་དཀོན་མཆོག་ལུ་བློ་བཏད་ནི་ ད་རུང་དེ་འབད་སླབ་ཅི་ང་ནཱ་ལུ་ཡོད་ང་དང་ཅི་་ཁར་དཀོན་མཆོག་གི་གནང་མི་བུ་དང་བུམོ་ཚུ་ཡོད། 14 ༡༤ ཨ་ནི་ཨ་ལོ་ཚུ་ཁྲག་གཟུགས་ནང་ཡོདཔ་ཨིན་ཡེ་ཤུ་ཡང་འདི་བཟུམ་འབད་བྱོན་སྟེ་མཉམ་མྱོང་ལེན་ཡི། ཡེ་ཤུ་གི་དེ་འབད་མཛད་མི་འདི་ཁོ་བཤགས་སྟེ་ཤ་བ་ཤུགས་སྟོབས་འདི་རྩ་མེད་གཏང་ནི་དོན་ལུ་ཨིན། 15 ༡༥ ཡེ་ཤུ་མིའི་ལུས་བྱོན་སྟེ་ཁོ་བཤགས་མི་འདི་མི་ཤི་ནི་ལུ འདྲོག་སྡོད་སྡོད་མི་ཚུ་ལུ་འདི་ནང་ལས་ཐར་ནི་དོན་ལུ་ཨིན། 16 ༡༦ དོན་ལས་ར་ཡེ་ཤུ་གི་ཕོ་ཉ་ཚུ་ལུ་ཆ་རོགས་འབདཝ་མས་ འདི་འབདཝ་ད་ཨབ་ར་ཧམ་མི་བརྒྱུད་ཚུ་ཆ་རོགས་འབདཝ་ཨིན། 17 ༡༧ འདི་གི་དོན་ལུ་ཡེ་ཤུ་ང་བཅས་བཟུམ་འབད་བྱུང་ཡི་ ང་བཅས་སྤུན་ཆ་བཟུམ་འབད་ག་ཅི་་ནང་འབད་རུང་ཁོ་མིའི་ལུས་ལུ་ཕྱག་ཞ་ནི་དོན་ལུ་ཨིན། འདི་གི་འབད་ཁོ་གི་ཐོག་ལས་མི་གི་སྡིག་པ་ཚུ་ཤགས་པ་གནང་ནི་དོན་ལུ་ཨིན། 18 ༡༨ ཡེ་ཤུ་ཁོ་རང་ཡང་སྡུག་ངལ་མྱོང་དེ་ལས་བར་ཆེད་ནང་ལུ་འཚུལ་ཡི་ད་ང་བཅས་ག་ར་འབད་རུང་བར་ཆེད་ནང་འཚུལ་པ་ཅིན་ཁོ་གི་ང་བཅས་ལུ་ཆ་རོགས་འབད་འོང།