མེ་འཐུའི་གཏམ་བཟང༎ ལེའུ་གསུམ་པ༎

མེ་ཐིའིུ་ལིའུ་གསུམ་པ 1 དུས་ཚད་འདིའི་སྐབས་ལུ་འབྲུལ་གསལ་འབད་མི་ཡོ་ཧཱ་ན་འདི་ཡུ་ན་འདི་ཡུ་དེ་ཡ་གི་ལུང་སྟོངནང་ལས་ཕར་མི་དམངས་ལུ་ཆོས་བཤད་སྟེ་འབད་རྐྱབ་ནུག་ 2 ཁྱོད་གི་སེམས་འདི་འགྱུར་བ་རྐྱབ་ག་ཅི་སྨོ་ཟེར་བ་ཅིན་ཞིང་ཁམ་གི་རྒྱལ་སྲོད་འདི་སྦོ་ལོ་ཁང་ཧོད་ཅི་ 3 ཧེ་མ་ལས་ར་ལུངས་སྟོད་པ་ཨའི་ཟ་ཡ་གི་ཡོ་ཧ་ནཱན་གི་སྐོར་ལས་དེ་འབད་གསུངས་ནུག་ དཀོན་མཆོག་གི་ལམ་འདི་གྲ་སྒྲིག་རྐྱབ་ཁོ་གི་འབྱོན་ལམ་འདི་འཕྲངས་སྟེ་བོཟ་ཟེར་ལུང་སྟོངམ་ནང་ལས་སྐད་གཅིག་རྐྱབ་འོང་ 4 ༤ ད་ཡོ་ཧ་ནཱན་གི་རྒྱོན་ཆས་འདི་རྗ་མོང་གི་དང་ཁོ་གི་སྐདཔ་གུ་ལུ་ཀོཝ་གི་སྐེད་རགས་ཁོ་གི་ལྷོད་འདི་ནགས་ཚལ་ནང་གི་སྦྱང་དང་ཅིའུ་དབ་ཚུ་ཨིནམ་འབད་ 5 ༥ དེ་ལས་ཡ་རུ་ཤ་ལེམ་ཡུ་དེ་ཡ་དང་གཙང་ཚུ་ཡཱོར་དཱོན་གི་མཐའ་འཁོང་ལུ་ཡོད་མི་ག་ར་ཁོ་འབད་སར་སོང་ནུག་ 6 ༦ མི་འདི་ཚུ་ག་ར་ཁ་གི་ཡཱོར་དཱོན་གི་གཙང་ཚུ་ནང་འཁྲུས་གསལ་འབད་འབད་ཁོང་གི་སྡིག་པ་ཚུ་བཤགས་པ་འཕུལ་ནུག་ 7 དེ་འབཝ་་དང་ཁོ་གི་ཕརུ་ཤི་པ་དང་ས་དུ་ཀི་པ་ལེགས་ཤ་ར་ཁོ་འབད་ས་འཁྲུས་གསལ་འབད་བར་འོང་ས་མཐོང་ནུག་ ཁོ་གི་ཁོང་ཚུ་ལུ་ཁྱོད་དུག་སྦུལ་ཚུ་གི་ཁྱོད་ལུ་དཀོན་མཚོགས་གི་ཚད་པ་ན་ལས་བྱོག་འགྱོ་ཟེར་སླབ་ཅི་ 8 ཁྱོད་གི་སྡིད་པའི་ལཱ་སྤངས་སྟེ་སེམས་འགྱུར་བའི་འབྲས་བུ་སྟོན་གོ་ 9 ཁྱོད་འདི་ཚུ་ད་རུང་ང་བཅས་ཨབ་ར་ཧམ་གི་རིགས་བརྒྱུད་ཨིན་ཟེར་དཀོན་མཆོགས་གི་ཆད་པ་ལས་འབྱོགས་ཐལ་ནི་གི་འབད་དེ་འབད་མ་མནོ་ང་གི་སླབ་དོ་ཨབ་ར་ཧམ་གི་ཨ་ནི་དོ་ཚུ་གུ་ལས་ཡང་ཨབ་ར་ཧམ་གི་རིགས་བརྒྱུད་ཚུ་སྟོན་ཚུགས་ 10 ད་སྟརེ་འདི་ཧ་མ་ལས་ར་ཤིང་གི་སྦོ་ལོགས་ཁར་འདིག་ང་བཅས་གི་ཤིང་འདི་ག་འདི་ཤིང་འབྲས་ལེགས་ཤོམ་འབད་གྲབ་འབྲས་ག་འདི་གི་མ་འཐོན་འདི་བཏེ།ོག་འབད་མེ་ནང་བཅུགསཔ་ཨིན་ 11 ཁྱོད་གི་སེམས་འགྱུར་སྟེ་སྡིག་པའི་ལཱ་སྤངས་ནི་འདི་གི་ང་གི་ཁྱོད་ལུ་ཚུའི་འཁྲུལ་གསལ་གནང་པ་ཅིན་ང་གི་ཞུ་ལས་འོངམ་མི་འདི་ང་ལས་ཡང་ལྷགཔ་དབང་ཤུགས་ཅན་ཨིན་ད་ཁོ་གི་ཞབས་ལྷམ་ཕུད་མི་ཅི་གི་དབང་ཚད་ཅི་ཡང་མེད་ཁོ་གི་ཁྱོད་ལུ་དམ་པའི་ཐུགས་སྐྱིད་དང་མིའི་འཁྲུལ་གསལ་གནང་ཡོང་ 12 དེ་ལས་ཁོ་གི་འགྱུ་ལེགས་དང་ཟོགཔ་ཚུ་གསལ་ནི་གི་དབང་ཚད་ཁོ་གི་ཕྱགས་ལུ་ཡོད་འགྱུ་ལེགས་ཤོམ་ཚུ་ཁོ་གི་གསལ་འབད་ཁོ་རའི་མཛོད་ཁང་ནང་བླུགས་འབད་བཞགས་ཨིན་སྟེ་ཟོགཔ་ཚུ་མེ་གདངམ་ཨིན་ཟེར་ཡོ་ཧ་ནཱན་གི་གསུངས་ནུག་ 13 ༡༣ དེ་ལས་ཡེ་ཤུ་ག་ལ་ལི་ལས་མར་ཡཱོར་དཱན་གི་གཙང་ཚུ་ནང་འཁྲུལ་གསལ་བཞེས་པར་ཡོ་ཧ་ནཱན་འབད་སར་བྱོན་ནུག་ ༡༤ 14 ཡོ་ཧ་ནཱན་གི་ཡེ་ཤུ་ལུ་ག་དེམ་ཅི་བཀའག་ནི་གི་རྕི་རྐྱབ་འབད་སླབ་ནུག་ཞེན་ངེ་ཅི་ང་ཁྱོད་གི་འབད་འཁྲུལ་གསལ་བྱིན་དདགོཔ་ཨིན་སྟེ་ཁྱོད་ང་འབད་ས་འོང་ཡི་ཡ་? 15 ༡༥ ཡེ་ཤུ་གི་ཁོ་ལུ་ལན་རྐྱབ་སྟེ་དེ་འབད་གསུངས་ནུག་ ད་སྟོ་དེ་འབད་འབྱུང་ཅུ་ལཱབཟོང་པོ་འགྲུབ་ནི་འདི་ལེསག་ཤོམ་ཨིན་ ཡོ་ཧ་ནཱན་གི་ཆ་བཞན་ནུག་ 16 ཡེ་ཤུ་འཁྲུལ་གསལ་བཞེས་སྟེ་ཚུ་ན་ལས་ཡར་བཞེངསམ་ཅི་ཁོ་གི་དོན་ལས་ཞིང་དཀོན་མཆོག་གི་དམ་པའི་ཐི་ལི་རྒྱལཔོ་བཟུམ་འབད་འོངམ་ཤི་ན་ལས་ཁོ་གུ་ཕྱགས་སར་ཁོ་གི་གཟིག་ནུག་ 17 དེ་ལས་གནང་ཁར་ལས་སྐྱད་ཅི་གི་འདི་ངེ་གི་གཙས་ཤོང་དང་འཕངས་ཤོས་བུ་ཨིན་ ་ང་ཁོ་ལུ་བལྷ་སྟེ་སེམས་དགའ་ཡི