ལེའི་༢༤

1 ༡ ཡི་ཤུ་ཆོས་ཁང་ལས་ཐོན་འབད་བྱོན་ད་ ཁོ་གིས་སློབ་མ་འདི་ཚུ་ཁོ་འབད་ས་འོང་ཏེ་ཁོ་ལུ་ཆོས་ཁང་གི་ཁྱིམ་སྟོན་བྱིན་ནུག། ༢ 2 དེ་ལས་ཡི་ཤུ་གིས་སློབ་མ་ཚུ་ལུ་ལན་དེ་འབད་སླབ་ནུག། ཁྱོད་ཚུ་གི་འདི་ག་ར་མེ་འཐོང་འབད་ག? ག་ཁྱོད་ཚུ་དེན་ལེགས་རང་སླབ་ཨིན་ འདི་ཚུ་ཤུལ་ལས་རྡོ་བརྩེགསཔ་གཅིག་ཡང་མ་བཞག་པར་མར་ བརྡལ་བཀོ་འོང་ཟེར་གསུངསནུག། 3 ༣ དེ་ལས་ཡི་ཤུ་ཨ་རུ་རའི་ཤིང་གི་གངས་གུ་བཞུགས་སྦེ་སྡེདཔ་ད་ ཁོང་སློབ་མ་ཚུ་གསུང་བའི་སྒོ་ལས་ཡི་ཤུ་བཞུགས་སར་བཅར་ཏེ་ ཁོང་གི་ ཁོ་ལུ་ ང་བཅས་ལུ་གསུང་ན་ལགས་ འདི་ཚུ་ནམ་འབྱུང་འོང་ག? ན་འོངས་ནི་འབད་མི་རྟགས་ཚན་དང་འཛམ་གླིང་གི་དུས་མཐའན་མཇུག་ལུ་ག་ཅི་བཟུམ་སྦེ་འབྱོང་འོང་ག་ཟེར་དྲི་བ་ཞུ་ནུག། ༤ 4 འདི་ལེན་ལུ་ཡི་ཤུ་གི་ཁོང་ལུ་ལམ་འཛོལ་ཏེ་མེ་ཁྱེད་ནི་གི་དོན་ལེགས་དྲམ་པ་སྟོན་ཏེ་དེས། ༥ 5 ག་ཅི་མོ་ཟེར་བ་ཅིན་ མི་ལེགས་ཤ་འོང་ཏེ་ངེའི་མིང་ཏོན་འོང། ཁོང་ཚུ་གི་ང་ཁི་རཱི་སའི་ཨིན། དེ་ལས་མི་ལེགས་ལུ་འཟོལ་བ་ནང་ཁྱིད་འབག་འགྱོ་འོང། 6 ༦ ཁྱོད་གི་ཕྱད་མདའ་བརྐྱབས་ས་རྣཝ་དགོ་འོང་ དེ་འབདཝ་ད་ཁྱོད་ཀྱི་འདི་ལུ་བལྟ་ཏེ་ཚ་གྱང་མ་ལང། ག་ཅི་མོ་ཟེར་བ་ཅིན་འདི་ཚུ་ག་ར་བྱུངས་ནི་ཨིན། དེ་འབད་ད་ འདི་མཐའ་མཇུག་གི་ཉིནམ་འདི་ལུ་ཡོད་མེན། ༧ 7 ག་ཅི་མོ་ཟེར་བ་ཅིན་མི་རིགས་དང་མི་རིགས་རྒྱལཁབ་དང་རྒྱལ་ཁབ་བརྐྱབ་འོང་ དེ་ལས་འཛམ་གླིང་གི་ས་ཕྱོག་སོ་སོ་ནང་ལུ་མུ་གེ་འཐོན་འོང་ དེ་བཟུམ་འབད་ས་གཡོམ་འདི་བརྐྱབ་འོང། 8 ༨ དེ་འབདཝ་ད་འདི་ཚུ་ག་ར་བྱུང་མི་འདི་ ཨ་ལུ་མ་སྐྱེས་བའི་ཡོད་མ་ན་ཟུག་འོག་བཙུགས་དོ་བཟུམ་སྦེ་ཨིན། 9 ༩ དེ་ལས་ཁོང་ཚུ་གི་ཁྱོད་ལུ་བཟུང་ཞིནམ་ལས་གནོད་པ་སྐྱེལ་ཏེ་བསད་འོང་ དེ་ལས་ངེའི་གི་དོན་ད་ལས་འབད་མི་རིགས་ག་ར་གི་ ཁྱོད་ལུ་མ་དགའ་བར་དྲག་འབད་འོང། ༡༠ 10 འདི་སྐབས་ལུ་མི་ལེ་ཤ་རང་དད་པ་ཉམས་འགྱོ་ཏེ་ག་ཅི་གི་ག་ིལུ་མ་དགའ་བར་ཉིང་བརྐུ་འོང། ༡༡ 11 དེ་ལས་སུང་སྟོན་པ་རྫུས་མ་ལེ་ཤ་ཐོན་ཏེ་ མི་ལེ་ཤ་ལུ་མགུ་བསྐོར་བརྐྱབ་འོང། 12 ༡༢ ག་ཅི་སྨོ་ཟེར་བ་ཅིན་ཁྲིམས་ལུ་མ་གནས་མི་ཚུ་གནམ་མེད་ས་མེད་ཡར་འཕར་འགྱོ་སྟེ་གཅིག་གིས་གཅིག་ལུ་བྱམས་སེམས་དང་སྙིང་རྗེ་བསྐྱེད་ནི་དེ་ཚུ་མར་ཉམས་འགྱོ་འོང། 13 ༡༣ དེ་འབདཝ་ད་མཐའན་མཇུག་ཚུན་ཚོད་ལུ་དད་པ་ནང་སྒྲིང་སྒྲིང་སྦེ་སྡོད་མི་འདི་ལུ་སྐྱབས་མཛད་འོང། ༡༤ 14 ཨ་ནི་རྒྱལ་སྲིད་ཀྱི་ བཏམ་བཟང་འདི་འཛམ་གླིང་ཡོངས་ལུ་འཛོམས་ད་པར་བཟུམ་ཅིག་འབད་ མི་རིགས་ག་ར་ལུ་བཤད་ཚར་བའི་ཤུལ་ལུ་ དུས་ཚོད་མཐའན་མཇུག་འདི་འོང་ནི་ཨིན་ཟེར་ཡི་ཤུ་གིས་གསུངས་ནུག། 15 ༡༥ འདི་བཟུམ་འབད་ཁྱོད་ཀྱི་བལྟ་མ་ཚུགས་པའི་ཁམས་ལོག་སི་སི་ཅིག་ཡར་ལོང་སྟེ་སྡོད་ས་ཁྱོད་ཀྱི་ མཐོང་འོང་ཟེར་ལུང་སྟོན་པ་ ད་ནི་ཨཱེལ་གྱིས་ལུང་བསྟན་བཤད་བཞག་དོཝ་བཟུམ་སྦེ་ཉིནམ་གཅིག་གི་ཚོ་ས་གནས་དམ་པ་ནང་ཡར་ལོང་དི་བཞག་དོ་བཟུམ་འབད་ འདི་ཚུ་གིས་ཧ་གོ་དགོ། 16 ༡༦ དེའི་སྐབས་སུ་ལུ་ཡུ་དེ་ཡ་ལུ་སྡོད་མི་དེ་ཚུ་སྒང་རི་ཁ་ཐུག་སུ་འབྱོག་འགྱོ་དགོ། 17 ༡༧ དེ་ལས་མི་ག་ར་འབད་རུང་ཁྱིམ་ཐོག་གོང་མ་ཡོད་མི་གིས་ ཁྱིམ་གྱི་ནང་ན་ཅ་ལ་འཐུ་བ་མ་སོང་ཡར་ དེ་འཕྲོ་ལས་རང་འཐོན་འགྱོ་དགོ། 18 ༡༨ དེ་ལས་ད་རུང་ཞིང་ཁར་ལཱ་འབད་མི་དེ་གིས་ལོག་སྟེ་བགོ་ལ་འཐུ་བ་མ་སོང། 19 ༡༩ དེ་འའབདཝ་ད་ ཨམ་སྲུ་ཨ་ལོ་དང་གཅིག་ཁར་ཡོད་མི་དང་ ཨ་ལོ་ཨོམ་འཐུང་ནི་ཡོད་མི་ ཨ་འི་ཚུ་ལུ་ག་དེམ་ངགི་སྡུག་བརྗས་སྨོ? 20 ༢༠ འབྱོག་དགོ་པའི་དུས་ཚོད་འདི་གནམ་དགུན་དང་ངལ་འཚོ་བའི་ཉིན་མ་ལུ་བྱང་མ་བཅུག་ཟེར་སྨོན་ལམ་བཏབ། 21 ༢༡ ད་ལས་ཕར་འདི་ནང་ལུ་དཀའ་སྡུག་ཆེན་པོ་ལེ་ཤ་རང་འབྱུང་འོང་ དི་བཟུམ་འབད་འཛིམ་གླིང་གི་ ངེན་ཐོག་ལས་ ད་ལྟོ་ཚུན་ཚོད་ དི་བཟུམ་མ་འབྱུང། ཏ་ལོགས་འདི་ཡང་མེད་འབྱུང། 22 ༢༢ འདི་ཚུ་གི་གི་ཉིནམ་ཐུང་ཀུ་འབད་ འགྱོ་ཡོདཔ་ མ་གཏོགས་མི་གཅིག་ཡང་སྐྱབས་མ་མཛད་འོང་། ཨིན་རུང་བཙག་འཐུ་མཛད་ནི་གི་དུས་ཚོད་གི་དོན་ལུགས་ཐུང་ཀུ་སྦེ་མཛད་གནང་འོང། 23 ༢༣ དེ་ལས་ག་གི་ཡང་འབད་རུང་ ཁྱོད་ལུ་དེ་སྦེ་སླབ་བ་ཅིན་བལྟ་ཞིག་ན་ལུ་ ཁི་རཱི་སའི་འདུག་ཡང་ན་ཕར་ ཁི་རཱ་སའི་འདུག་ཟེར་སླབ་བ་ཅིན་དེ་ལུ་བདེན་འཛིན་མ་རེ། ༢༤ 24 ག་ཅིག་སྨོ་ཟེར་བ་ཅིན་་ཁི་རཱ་སའི་རྫས་མ་དང་ ལུང་སྟོན་པ་རྫུས་མ་དང་ཚུ་ལ་ཤ་རང་འོང་ཏེ་ ཡ་མཚན་ཆེ་ཏོག་ག་ རྟགས་མ་འདྲཝ་འབག་ འགྱོ་ནི་ རྩི་རྐྱབ་འོང། 25 ༢༥ ད་འབདཝ་ལས་ ག་དེམ་གཅིག་སྦེ་མི་དེ་ཚུ་ མ་བྱང་ མིའི་ཧེ་མ་ ལས་ང་གིས་ཁྱོད་ལུ་བཤད་དེ་སླབ་ཅི། 26 ༢༦ དེ་འབདཝ་ལས་ག་དེམ་ གཅིག་སྦེ་མི་དེ་ཚུ་གིས་ཁྱོད་ལུ་ ཁོ་འཕར་ཇིམ་ཐང་ནང་ལུ་འདུག་ཟེར་ ཕར་ཇིམ་ཐང་ནང་མ་འགྱོ་བལྟ་གཞི་ཟེར་སླབ་རུང་ ཡང་ན་ཁོ་ཁྱིམ་ནང་ན་འདུག་ཟེར་སླབ་རུང་་བདེན་འཛིན་མ་རེ། ༢༧ 27 གཅིག་སྨོ་ཟེར་བ་ཅིན་ ཤར་ཕྱོགས་ལས་གློག་ཀེམ་ད་འོད་ཞུབ་ཕྱོགས་ལུ་མཐོང་དོཝ་བཟུམ་སྦེ་ མིའི་བུ་ཡང་དེ་ཡང་དེ་བཟུམ་སྦེ་བྱོན་འོང། 28 ༢༨ སེམས་ཅན་ཤི་མི་ག་ཏེ་ཡོད་ས་ལུ་བྱ་རྒོད་ཆགསཔ་ཨིན། 29 ༢༩ ད་སྡུག་བསྔལ་དེ་ཚུ་མྱོང་བའི་གིས་ཉིནམ་ཀྱི་ཤུལ་ལས་དེ་འཕྲ་ལས་རང་ཉིན་མིའི་འོད་བསྒྲིབས་ཏེ་ གནག་དུང་དུ་འགྱོ་སྟེ་ ཟཱཝ་གིས་ཡར་འོད་མི་བྱན་ དེ་ལས་གནམ་ཁ་ལས་སྐརམ་ཚུ་ཡང་ས་ཁ་ལུ་བུད་འགྱོ་འོང་མ་ཚད་ཞིང་ཁམས་གིས་ཤུགས་ཚུ་ཡང་ཡོམ་བརྐྱབ་འོང། 30 ༣༠ དེ་ལས་འདི་སྐབས་ལུ་མིའི་བུ་གི་རྟགས་མཚན་ གནམ་ཁ་ལུ་ མཐོང་འོང་ དེ་ལས་འཛམ་གླིང་ནང་ གི་མི་རིགས་ག་ར་མྱ་ངན་འབད་དེ་སྔུ་འོང། དེ་ལས་ཁོང་ཚུ་གི་མིའི་བུ་ འདི་ནམ་ཁའི་ས་སྨུག་ནང་ ཁོ་རང་གི་དབང་ཤུགས་དང་གཟི་བརྫིད་ནང་བྱོན་འོང། 31 ༣༡ དེ་ལས་ཁོ་གི་ཕོ་ཉ་ཚུ་གཅིག་ཁར་དུང་ཆེན་སྐེད་སྦོམ་གྱིས་འུར་སྒྲ་དང་པཅསཔ་སྤེ་གཏང་འོང་མཚད་ ཁོ་རང་གི་དམ་ཁ་ འབད་མི་ཕྱོགས་བཞི་ལས་འབད་འཛིམ་བུ་གླིང་གི་མཐའ་མཇུག་ལས་འབད་སོ་སོ་བཏང་འོང། 32 ༣༢ ད་ཡོན་ཏན་ལྟབ་ནིའི་དོན་ལུ་ ཨ་ནི་ཅོང་སེ་ཤིང་ལུ་བལྟ་ དེ་ལས་འདབ་མ་གསརཔ་ཐོན་པའི་བསྒང་ལས་ནམ་བྱཱར་སྦོ་ལོགས་ཁར་ལྟོདཔ་ཨིན་ཟེར་ ཁྱོད་ཀྱི་ཤེས་། 33 ༣༣ དེ་བཟུམ་སྦེ་ཁྱོད་ཚུ་གི་དེ་ཚུ་བྱུངས་མཐོངམ་ད་ ཁྱོད་ཚུ་གི་དེ་སྦེ་ཧ་གོ་ནི་ ཁོ་འདི་ང་བཅས་ཀྱི་སྦོ་ལེགས་ཁར་ལྷོད་ཟེར་མནོ་དགོ། 34 ༣༤ ང་གིས་ཁྱོད་ལུ་དོན་ལས་རང་སླབ་ཨིན་ འདི་ཚུ་ག་ར་མ་བྱང་པའི་བར་དུ་ ཨ་ནི་མི་རབས་དེ་ཚུ་རབས་ཚད་དེ་མི་འབྱོ། ༣༥ 35 ད་འབད་ད་ གནམ་དང་ས་གཉིས་ཡལ་འགྱོ་རུང་ང་གིས་སླབ་མི་འདངི་ཚུ་དུས་ནམ་ཡང་ལས་མི་འགྱོ། 36 ༣༦ དེ་གི་སྐོར་ལས་ཡབ་ཀྱིབ་རྐྱངམ་གཅིག་མ་གཏོགས་གཞན་ཞིང་ཁམས་ཀྱི་ཕོ་ཉ་དང་སྲས་ག་གི་ཡང་མི་ཤེས། 37 ༣༧ དེ་ལས་ཧེ་མ་ནོ་ཝ་ ནི་གི་དུས་སྐབས་ལུ་བྱུང་དོཝ་བཟུམ་སྦེ་རང་འབྱུང་འོང། 38 ༣༨ ག་ཅི་སྨོ་ཟེར་བ་ཅིན་ཆུ་རུད་མ་ཐོན་པའི་ཧེ་མ་ ནོ་ཝ་གྲུ་ནང་མ་འཛུལ་ཚུན་ཚོད་ མི་དེ་ཚུ་ཟ་འཐུང་སྒྲོ་བསྟོན་ དེ་ལས་གཉེན་མ་བསྐྱབས་མི་ཚུ་ལུ་གཉེན་བརྐྱབས་བྱིན་ འདི་ཚུ་ག་ར་ནོ་ཝ་དང་ཁོ་གི་བཟའ་ཚར་ཚུ་གྲུ་སྦོམ་ནང་མ་འཛུལ་བའི་སྐབས་ལུ་ཨིན་མས། 39 ༣༩ དེ་ལས་ཆུ་རུད་འཐོན་ནི་དང་ཆུ་ནང་ཐིམ་སྟེ་ཤི་ནི་ཚུ་ག་ར་གྲུ་སྦོམ་ནང་མ་འཛུལ་མིའི་ཚུ་ཨིན་མས། དེ་བཟུམ་སྦེ་དཀོན་མཆོག་ལུ་དད་པ་མེད་པའི་མི་ཚུ་གི་མི་གིས་བུ་འདི་ནམ་ལོག་འོང་ནི་ཨིན་ན་ ཁོང་གི་མེད་ཤེས། 40 ༤༠ དའི་སྐབས་ལུ་མི་གཉིས་ཞིང་ཁར་ལཱ་འབད་དེ་སྡོད་ས་ལས་གཅིག་ལུ་འཁྱིད་འགྱོ་སྦེ་གཅིག་ལུས་འོང། 41 ༤༡ དེ་བཟུམ་སྦེ་རང་ཨམ་སྲུ་གཉིས་རང་འཐག་རང་ཕྱེ་འཐག་སྟེ་སྡོད་ས་ལས་གཅིག་ལུ་འཁྱིད་འགྱོ་སྦེ་གཅིག་ལུས་འོང། 42 ༤༢ ག་ཅིག་སྨོ་ཟེར་བ་ཅིན་ ཁྱོད་ཚུ་གི་དཀོན་མཆོག་ འདི་ཉིནམ་ནམ་འཛམ་གླིང་ནང་འོང་ནི་ཨིན་ན་ ང་བཅས་གི་མེད་ཤེས། འདི་འབདཝ་ལས་ཁྱོད་ཚུ་ནམ་རང་འབད་རུང་གྲ་སྒྲིག་འབད་དེས། 43 ༤༣ ག་དེམ་ཅིག་སྦེ་ ཁྱིམ་གྱི་སྦྱིན་བདག་ གིས་ ཨརཝ་ནམ་འོང་ནི་ཨིན་ན་ཟེར་ཤེས་པ་ཅིན་ ཁོ་གིས་ཁྱིམ་ ལེགས་ཤོམ་སྦེ་སྲུང་སྡོད་དེ་ ཨརཝ་ཁྱིམ་གྱི་ནང་ན་འོང་མི་ཚུས། 44 ༤༤ དེ་འབདཝ་ལས་ཁྱོད་ཆ་ཁབ་ནམ་རང་འབད་རུང་གྲ་སྒྲིག་ འདབ་སྡོད་ ག་ཅི་སྨོ་ཟེར་བ་ཅིན་དཕྱད་རིག་རྣམ་རྟོག་མེད་པའི་དུས་ཚོད་ལུ་ མིའི་བུ་རང་འོང་ནི་ཨིན། 45 ༤༥ ད་གཡོགཔོ་ཤེས་རབ་ཅན་ན་འཐན་ཏོག་ཏོ་ག་སྨོ? སྦྱིན་བདག་གིས་ ཁོ་རང་གི་ ཁྱིམ་ནང་གི་གཡོགཔོ་གཞན་ཚུ་ལུ་དུས་ཚོད་ལུ་ བཞེས་སྒོ་ཀྲིག་ཀྲི་སྦེ་སྦྱིན་ནི་ གི་འགན་ཁག་ག་ག་ལུ་སྒྲོད་འོང་ག། 46 ༤༦ དེ་ལས་སྦྱིན་བདག་ ཁྱིམ་ནང་ལོགས་ཤོམ་ སྦེ་འབད་ས་མཐོང་ལས་སེམས་ དགའ་འོང། 47 ༤༧ ཁྱེད་ལུ་དོན་ལས་རང་སླབ་དོ་ སྦྱིན་བདག་གིས་ གཡོགཔོ་དེ་ལུ་ བདག་འཛིན་ འཐབ་ནི་གི་འགན་ལག་སྥྲོད་འོང། 48 ༤༨ དེ་འབདཝ་ད་གཡོགཔོ་ངན་པ་འབད་བ་ཅིན་ ཁོ་གིས་ཁོ་རང་ལུ་ངེ་གི་ སྦྱིན་བདག་འདི་དུས་ཡུན་རིངམ་སྦེ་འགོར་འོང་ཟེར་སླབ་སྦེ། 49 ༤༩ དེ་ལས་ཁོ་གིས་གཡོགཔོ་གཞན་ཚུ་ལུ་དྲང་ དེ་མ་ཚད་ ཁོ་རང་གི་ཆ་རོགས་ཆང་ཟེ་ཚུ་དང་གཅིག་ཁར་ ཆར་འཐུང་བཞེས་སྥྲོ་ཟ་སྤྲོ་བཏོན་ཏེ་ སྡོད་པ་དུག། 50 ༥༠ དེ་ལས་གཡོགཔོ་དེ་གི་སྦྱིན་བདག་འོང་ནི་གི་མོན་བསམ་རང་མེད་པའི་དུས་ཚོད་དང་ཉིནམ་ལུ་ལོག་འོགས་ཏེ། 51 ༥༡ དེ་ལས་ཁོ་གི་ལཱ་གཡོགཔོ་ཆུ་ཁྲིམས་ལེ་ཤ་རང་བསྐྱེད་ཨིན་མ་ ཚད་མེད་རྗུ་བཏབ་མི་འབད་ས་བཙུགས་འོང། དིའི་ས་གནས་ནང་ལུ་མི་ཚུ་སྔནི་དང་སོ་བརྡར་ནི་ཚུ་འབྱོང་ཨིན་ ག་ཅིག་སྨོ་ཟེར་བ་ཅིན་ ཁོང་ཚུ་གནམ་མེད་ས་མེད་ལཱ་ ཁག་ བཙགས་འོང།