ལེའུ་ ༤

1 ༡་ ཁྱོད་འདི་ཚུ་ག་ཅི་འབད་ ཁ་ཤགས་རྐྱབ་ཏེ་ མ་མཐུནམ་ཨིན་ན་ཟེར་བ་ཅིན་ ཁྱོད་རེ་རེ་བཞིན་དུ་གི་ ངན་པའི་འདོད་ཆགས་ལས་ཏེན་ཏེ་ མེན་མེད་ག? 2 ༢་ ཁྱོད་ཆ་ཆབས་ཀྱི་རེ་བ་སྐྱེ་ཏེ་ཡོད་མི་ཙ་ལ་མ་འཐོབ་པ་ཅིན་་ཁྱོད་ལུ་འདི་འཐོབ་ནི་ལས་བཀག་རྐྱབ་མི་ལུ་བསད་ནི་རྕིས་ཨིན། རོགས་ལུ་ཡོད་པའི་ཅ་ལ་ཚུ་ལུ་འཐོབ་ནི་རེ་བ་སྐྱེད་རུང་འཐོབ་མ་ཚུགས་པར་ ཁྱོད་ར་གནང་དུ་ འཐབ་འཛིང་འབདཝ་ཨིན། ཁྱོད་ཀྱི་རེ་བ་སྐྱེད་མི་འདི་ མ་འཐོབ་མི་འདི་ག་ཅི་འབད་ཟེར་བ་ཅིན་་དཀོན་མཆོག་ལུ་མ་བཞུཝ་ལས་བརྟེན་ཏེ་ཨིན། 3 ༣་ གེ་སི་ཁྱོད་ཀྱི་ལེན་རུང་ར་མི་འཐོབ་ དེ་ཡང་ཁྱོད་ཀྱི་ལེན་ཐང་འདི་ འཛོལ་སོང་ནི་འདི་གི་ཨིན། ཁྱོད་རའི་འདོད་ཆགས་ནང་འབད་སྤོ་བ་འབྱུང་ནི་དོན་ལུ་ལེན་མས། 4 ༤་ མོ་རའི་རྨགཔ་ལུ་ཐ་དམ་ཚིག་མེད་བའི་ཨམ་སྲུ་བཟུམ་ ཁྱོད་འདི་ཚུ་ཡང་དཀོན་མཆོག་དང་ དམ་ཚིག་མ་བསྟེན་པར་ ཁོ་གི་གསུང་མི་ལུ་མི་ཉན་པས། འཛིག་རྟེན་གྱི་མི་ངན་པ་བཟུམ་སྦེ་འབད་མི་འདི་ དཀོན་མཆོག་དང་ གཅིག་ཁར་བྱང་ཕྱད་ཨིན། ཨིན་རུང་ར་ ཁྱོུད་ཆ་ཆབས་ཀྱི་འདི་ཧ་མི་གོ་བས། 5 ༥་ ག་ཅི་ཁྱོད་ཀྱི་མནོཝ་མས་ཡ? གསུང་རབ་ནང་འབྲི་མི་ཚུ་དོན་དག་མེདཔ་ཨིན་ན་ ང་བཅས་ནང་ཡོད་མི་མཐུག་ཉལ་འདི་གི་ང་བཅས་ར་ལུ་མི་ཏོག་ཚར་ཅུངས་ཡ? 6 ༦་ དེ་འབདཝ་ད་ དཀོན་མཆོག་འདི་ སྟོབས་ཤུགས་ཅན་དང་ བྱམས་བརྩེ་ཅན་ཨིནམ་ལས་ ང་བཅས་ཚུ་སྡིག་པ་འབད་ནི་ལས་ བཀག་ནི་དོན་ལུ་ཆ་རོགས་འབདཝ་ཨིན། དེ་འབད་ནི་འདི་གི་གསུང་རབ་ཀྱི་གསུངམ་མས་ དཀོན་མཆོག་ཀྱི་མི་དཔའ་རྔམ་ཅན་ཚུ་ལུ་ ངོ་རྒལ་དང་ ཉམ་ཆུང་ལུ་ཆ་རོགས་འབདཝ་ཨིན། 7 ༧་ འདི་གི་འབད་ ཁྱོད་ར་དཀོན་མཆོག་ལུ་ཕུལ་ཏེ་ ངན་པ་ལུ་བཀག་བཞག་པ་ཅིན་ ངན་པ་འདི་ལས་ཐག་རིང་ས་འགྱོ་འགྱོཝ་ཨིན། 8 ༨་ དཀོན་མཆོག་ཀྱི་སྦོ་ལོགས་ཤོ་ དེ་ལས་ཁོ་ཁྱོད་འབད་ས་བྱོནམ་འོང། ཁྱོད་སྡིག་ཅན་ཚུ་ ཁྱོད་རའི་ལགཔ་འདི་ ཧིང་སང་ས་བཟོ་ དེ་ལས་ ཁྱོད་སེམས་གཉིས་འབད་མི་ཚུ་ ཁྱོད་རའི་དོན་ཧིང་འདི་ གཙང་ཏོག་ཏོ་བཟོ། 9 ༩་ ཁྱོད་ཀྱི་འབད་བའི་ངན་པའི་ལཱ་ལུ་བལྟ་ཏེ་ བློ་ཕམ་ཏེ་སྔུ། ཁྱོད་ར་གྱི་དོན་ལུ་རྐྱངམ་ཅིག་མནོ་ཏེ་མ་བགའ། 10 ༡༠་ ངེའི་སྤུན་ཆ་འདི་ཚུ་ གཅིག་གི་གཅིག་ལུ་ཁ་མ་གཏང་གེ་སི་ག་ཏེམ་ཅིག་འབད་རོགས་ལུ་རྗོགཔ་སླབ་པ་ཅིན་འདི་ དཀོན་མཆོག་ཀྱི་གནང་མི་བཀའ་ཁྲིམས་ལུ་ཁ་གཏངམ་བཟུམ་ཅིག་ཨུན། 11 ༡༡་ དེ་ལས་ ཁོ་གི་བཀའ་ཁྲིམས་ལུ་གཏངམ་པ་ཅིན་ ང་བཅས་ཚུ་ཁྲིམས་དཔོན་ཨིནམ་བཟུམ་བཟོཝ་ཨིན། 12 ༡༢་ དེ་འབདཝ་ད་ ང་བཅས་ལུ་བཤགས་པ་གནང་མི་དང་ ཁྲིམས་གཏང་མི་དབང་ཚད་ཡོད་མི་དཀོན་མཆོག་ ཁོ་གཅིག་རྐྱངམ་ཅིག་ཨིན། མི་ཚུ་ལུ་རྐྱབ་བརྫེ་མི་དང་ མེདཔ་གཏང་མི་ཁོ་ར་ཨིན། རོགས་ལུ་ཁ་གཏང་མི་ ཁྱོད་ག་སྨོ? ཁྱོད་རའི་ཁྱིམ་ཚང་ལུ་ ཁྲིམས་བཅད་འབད་མི་ཁྱོད་ག་སྨོ? 13 ༡༣་ ཁྱོད་ཆ་ཆབས་ ད་རིས་འབད་རུང་ནངས་པར་འབད་རུང་ ང་ཁྲོམ་དེ་ཁར་འགྱོ་ཏེ་ཚོང་འབྲེལ་རྐྱབ་ དེ་ལས་ཏི་རུ་མངམ་འབད་བཟོ་ནི་ཟེར་མི་ཚུག་ན་ལུ་ཉན། 14 ༡༤་ ཁྱོད་ཀྱི་དེ་འབད་སླབ་ནི་མི་འོང་ ག་ཅི་འབད་ཟེར་བ་ཅིན་ ནངས་པར་ག་ཅི་འབད་འོང་ག་ འདི་ང་བཅས་ཀྱི་མི་ཤེས། ད་རུང་ ང་ཅབས་ཀྱི་མི་ཚེ་འདི་ཆུབ་རླངས་བཟུམ་དུས་ཡུན་ཐུང་ཀུ་ཅིག་གི་དོན་ལུ་རྐྱངམ་ཅིག་ཨིན། 15 ༡༥་ དེ་འབདཝ་ད་ལུ་ གཙོ་བོ་གི་རེ་འདོད་ཡོད་པ་ཅིན་ ང་བཅས་ཨ་ནི་འབད་ནི་ ཨ་ཕཱི་འབད་ནི་ཟེར་སླབ་དགོ། 16 ༡༦་ ཁྱོད་འདི་ཚུ་ ད་ལྟོ་ཁྱོད་ར་ ང་རྒྱལ་སྐྱེད་ཏེ་ འཆར་གཞི་བརྩམ་ཡོད་མི་འདི་ ངན་པ་ཅན་ཨིན། 17 ༡༧་ དེ་ལས་ག་ཨིན་རུང་ ལཱ་བཟང་པོ་ཤེས་རུང་ མ་འབད་བ་ཅིན་ འདི་སྡིག་པ་ཨིན།