1 དཀོན་མཆོག་གི་ཐུགས་དགོངས་ལས་སྦེ་ ཡེ་ཤུ་ཁིརཱིས་གི་སྐུ་ཚབ་ང་པའུལ་གྱིས་ ཁྲོམ་ཨི་ཕི་སི་ལུ་ཡོད་མི་ དཀོན་མཆོག་གི་དམ་པའི་མི་ཚུ་དང་ཡེ་ཤུ་ཁྲརཱིས་ལུ་ དད་པ་སྒྲིང་སྒྲིང་བསྐྱེད་དེ་ཡོད་མི་ཚུ་ལུ་ ཡི་གུ་འདི་འབྲིས་དོ། 2 ༢ ང་བཅས་ཀྱི་ཡབ་དཀོན་མཆོག་དང་གཙོ་བོ་ཡེ་ཤུ་ཁྲརཱིས་གི་ཐུགས་རྫེ་དང་ཞི་བདེ་ ཁྱེད་ཆ་ཁྱབ་ལུ་གནང་བཅུག། 4 3 ༣ ང་བཅས་རའི་གཙོ་བོ་ ཡེ་ཤུ་ཁྲིརཱིས་ཀྱི་ཡབ་དཀོན་མཆོག་ལུ་བསྟོད་པ་ཕུལ་བར་ཤོག་ ཁོ་གིས་ང་བཅས་ལུ་ཁྲིརཱིས་ལས་རྒྱུད་དེ་ཞིང་ཁམས་ལས་འབྱུང་མི་རྣམ་ཤེས་ཀྱི་འབྱིན་རླབས་ག་ར་གནང་ཡི། ༤ དེ་གིས་འབད་ དཀོན་མཆོག་གིས་ང་བཅས་ལུ་ཁོ་རའི་དཀུན་དོན་ལུ་ གཙངམ་མཛད་དེ་སྐྱོན་ག་ནི་ཡང་མེདཔ་སྦེ་ འཛམ་བུ་གླིང་མ་མཛད་པའི་ཧེ་མ་ལས་ཁྲིརཱིས་ལས་རྒྱུད་དེ་ ང་བཅས་ལུ་བཙག་འཐུ་མཛད་གནང་ཡི་། 6 5 ༥ དཀོན་མཆོག་གིས་ང་བཅས་ལུ་བྱམས་པ་མཛད་ནི་འདི་གིས་ ཡེ་ཤུ་ཁྲིརཱིས་གྱི་ཐོག་ལས་སྦེ་ ང་བཅས་ཁོ་རའི་བཟའ་ཚང་བུ་ཚབ་སྦེ་བཙུག་ནི་དོན་ལུ་ཁོ་རའི་ཐུགས་དགོངས་དང་འཁྲིལ་ཏེ་ ཧེ་མ་ལས་ཐུགས་ཞེ་གནང་ནུག་། ༦ དེ་འབདཝ་ལས་ ཁོ་གི་གཟི་བརྫིད་ཙན་དང་ལྡན་པའི་ཐུགས་རྫེ་གི་དོན་ལུ་བསྟོད་པ་ཕུལ་བར་ཤོག། ག་ཅི་སྨོ་ཟེར་བ་ཅིན་གི་བྱམས་པརི་སྲས་ལས་སྦེ་ ང་བཅས་ལུ་སྟོང་པ་འབད་གནང་ཡི། 7 8 ༧ དཀོན་མཆོག་གི་ཐུགས་རྗེ་ཚད་མེདཔ་དེ་གིས་ ང་བཅས་ལུ་ཁྲིརཱིས་ལས་རྒྱུད་དེ་ ཁོ་གི་སྐུ་ཁྲག་གི་སྦེ་ ང་བཅས་ཀྱི་སྡིག་པ་དགོངས་ཡངས་གནང་ཡི།ཤུ་ཁི་རཱིས་གི་སྐུ་ཁྲག་གི་འབད་རྐྱབས་གནང་ཡི་། ༨ དཀོན་མཆོག་གི་ཚད་མེད་པའི་ཐུགས་རྗེ་ལས་ ང་བཅས་ལུ་རིག་པ་དང་ཤེས་རབ་གཏོང་པ་སྦེ་གནང་ཏེ་ཡོད། 9 10 ༩ ཧེ་མ་ང་བཅས་ལུ་གསང་བཞག་མི་ དཀོན་མཆོག་ཁོ་རའི་ཐུགས་དགྱེས་མི་ཐུགས་དགོངས་འདི་ ཁྲིརཱིས་ལས་ང་བཅས་ལུ་ཤེས་བཅུག་ནུག། ༡༠ ཁོ་རའི་དུས་ཚད་དང་མཐུན་ཏེ་ ཞིང་ཁམས་ནང་ལུ་ཡོད་མི་ཚུ་དང་འཛིག་རྟེན་ནང་ཡོད་མི་ག་ར་ ཁྲིརཱིས་ཀྱི་ཕྱག་འོག་ལུ་བཞག་གནང་ནི་ཨིན་། 11 12 ༡༡ དེ་འབདཝ་ལས་ ཁྲིརཱིས་ལས་རྒྱུད་དེ་ང་བཅས་ཚུ་ཤུལ་ནོར་གྱི་བགོ་བཤའ་འཐོབ་ཨིན། ག་ཅི་སྨོ་ཟེར་ཅིན་ དཀོན་མཆོག་གིས་མཛད་མི་ཆ་མཉམ་ཁོ་རའི་ཐུགས་དགོངས་དང་བསྟུན་ཏེ་ ཁོ་རའི་དམིགས་ཡུལ་སྒྲུབ་ནི་དོན་ལུ་འཆར་གཞི་འདི་ འགོ་དང་པ་ལས་རང་མཛད་གནང་ནུག། ༡༢ འདི་གིས་འབད་ ང་བཅས་ཁྲིརཱིས་ནང་འགོ་དང་པ་ལས་རང་བློ་གཏད་མི་ཚུ་དང་ དཀོན་མཆོག་གི་མཚན་ཡར་སྙན་གྲགས་རགྱོ་སྟེ་ ཁོ་ལུ་བསྟོད་པ་རཕུལ་ནི་ཨིན། 13 14 ༡༣ དེ་ལས་ཁྱེད་ཀྱིས་ སྐྱབས་མཛད་མི་གཏམ་བཟང་དོན་པའི་ལོ་རགྱུད་འདི་གོཝ་ད་ ཁོ་ལུ་དད་པ་བསྐྱེད་དེ་ཁྱེད་དཀོན་མཆོག་གི་མི་ཨིན་ཟེར་ ཁུངས་སྐྱལ་ནི་དོན་ལུ་ ང་བཅས་ཁོ་གིས་ཐིའུ་བརྐྱབས་གནང་སྟེ་ ཁས་ལེན་བཞེས་ཡོད་མི་དམ་པའི་ཐུགས་ཉིད་ཁྱེད་ལུ་གནང་ཡོད། ༡༤ ང་བཅས་ཁོ་རའོ་མི་ཚུ་གིས་ཤུལ་ནོར་གྱི་བགོ་བཤའ་མ་ཐོབ་ཚུན་ཚོད་ཀྱི་བར་ན་གི་རྒྱབ་མི་འདི་དམ་པའི་ཐུགས་ཉིད་ཨིན། འདི་ག་ར་དཀོན་མཆོག་གི་མཚན་སྙན་གྲགས་འགྱོ་སྟེ་ ཁོ་ལུ་བསྟོད་པ་ཕུལ་ནི་གི་དོན་ལུ་ཨིན་། 15 16 ༡༥ འདི་གི་སྦེ་ ཁྱོད་ཀྱིས་ ཡེ་ཤུ་ཁྲིརཱིས་ལུ་དད་པ་སྒྲིང་སྒྲིང་བསྐྱེད་མི་དང་དཀོན་མཆོགའི་མི་ཚུ་ལུ་ཁྱེད་ ངཀྱིས་བྱམས་པ་བསྐྱེད་བའི་སྐོར་ལས་གོཝ་ད་ལུ། ༡༦ ང་གིས་ཁྱེད་ཁྱབ་གྱི་དོན་ལུ་ དཀོན་མཆོག་ལུ་བཀའ་དྲིན་བསམ་དེ་སྨོན་ལམ་བཏབ་ནི་དེ་ནམ་རང་བཀོ་མ་བཞག། 19 20 21 ༢༠ཁོ་རའི་དབང་གིས་ ཁྲིརཱིས་གཤགས་ས་ལས་ལོག་གསོན་པོ་སྦེ་བཞེངས་གནང་སྟེ་ ཞིང་ཁས་ནང་ལུ་དཀོན་མཆོག་གི་ཕྱག་གཡས་ཁ་ཐུག་བཞུགསནུག། ༢༡ ད་ལྟོ་གི་དུས་ཨིན་རུང་ མ་འོངས་པའི་དུས་ཨིན་རུང་ཁྲིརཱིས་འདི་གནམ་ཁ་གིས་བདུད་དང་བཙན་ག་ང་ལས་ སྟོབས་ཤུགས་ཙན་ཨིནམ་མ་ཚད་དབང་འཛིན་ཚུ་ལུ་དབངམ་ཨིན། ཁོ་སྟོབས་ཤུགས་ཅན་ཚུ་ལས་སྟོབས་ཤུགས་ཅན་དང་གཙོབོ་ཚུ་གིས་ནང་ལས་གཙོ་ཅན་དང་ གནམ་དང་འཛམ་བུ་གླིང་ནང་ཡོད་མི་མཚན་ག་རང་ལས་ ཁོ་མཐོ་ཤོས་སྦེ་བཞུགས་ནུག་། 22 23 ༢༢ དེ་ལས་དཀོན་མཆོག་གིས་ག་ར་ ཁིྲརཱིས་གི་ཞབས་གྱིས་འོག་ལུ་གཙུགས་སྟེ་ ཁྲིརཱིས་ ཆོས་ཚོགས་ཀྱི་ག་ར་གི་ཡོངས་འཛིན་སྦེ་མཛད་གནངས་ནུག། ༢༣ ཚོས་ཆོགས་འདི་ ཁོ་གི་སྐུ་གཟུག་ཨིནམ་ལས་ཆོས་ཚོགས་ནང་ ཁོ་ཁྱབ་སྟེ་བཞུགསཔ་ཨིནམ་མ་ཚད་ ཁོ་ག་ར་ནང་ཁྱབ་སྟེ་ཞུགསཔ་ཨིན་།