1 ༡ དབའི་སྤུན་ཆ་ཚུ་ད་ལས་ཕར་ཉིནམ་དང་དུས་ཚོད་གི་སཀོར་ལས་ང་བཅས་གི་ཁྱོད་ཚུ་ལུ་འབྲི་མི་དགོ། 2 ༢ ག་ཅིག་སྨོ་ཟེར་བ་ཅིན་ཨརཝ་དེ་ཚུ་ནུབ་མོ་དུས་ཚོད་ག་དེམ་ཅིག་ནང་ལུ་འོངམ་ཨིན་ན་ང་བཅས་ག་གི་ཡང་མི་ཤེས་དེ་བཟུམ་སྦེ་ང་བཅས་གཙོ་བོ་ཡང་དུས་ཚོད་ནམ་འོང་ག་འདི་ཚུ་ང་བཅས་གི་མི་ཤེས། 3 ༣ ཞི་བདེ་དང་ཉེན་སྲུང་འདི་ཧང་ཏོམ་སྟོར་བ་འབད་ཁྱོད་ཚུ་ལུ་འོངམ་ཨིན་ཟེར་ཁྱོད་ལུ་དེ་འབད་སླབ་པ་ཅིན། ཨ་ཉི་བཟུམ་སྦེ་ཨམ་སྲི་ཨ་ལོ་སྐྱེས་བའི་ན་ཟུག་རྐྱབ་དོཝ་བཟུམ་འབད་དེ་འཕྲོ་ལས་ཕོག་འོངམ་ད་ཁྱོད་ཚུ་ག་ཏེ་ཡང་སྤར་མི་ཐེས། 4 ༤ དེ་འབདཝ་ད་ཁྱོད་སྤུན་ཆ་ཚུ་དེ་སྦེ་གནག་དུང་དུ་ནང་སྡེད་མིའི་མི་མེན་འདི་འབདཝ་ལུ་ཉིནམ་དེ་གིས་ཁྱད་རྣམ་རྟོག་མ་ལང། 5 ༥ ག་ཅི་སྨོ་ཟེར་བ་ཅིན་ང་བཅས་ག་ར་འོད་ཁྱི་ཨ་ལོ་དང་ཉིན་མ་ལཱ་འབད་མི་ཨ་ལོ་ཚུ་ཨིན་ང་བཅས་ཆ་ཁྱབ་གནག་དུང་དུ་ནང་ལཱ་འབད་མི་ཨ་ལོ་དང་ནུབ་མོ་ཨ་ལོ་མེད། 6 ༦ དེ་འབདཝ་ལས་ང་བཅས་མི་གཞན་གཉིད་ལོག་སྡོད་མི་བཟུམ་སྦེ་མེན་པར་ང་བཅས་དྲན་པ་བཏོན་ཏེ་མཚམས་ཚོད་ཤེསཔ་སྦེ་སྡོད་དགོ། 7 ༧ ག་ཅིག་སྨོ་ཟེར་བ་ཅིན་གཉིད་ལོག་མི་ཚུ་ནུབ་མོ་ར་གཉིད་ལོག་ཨིན་དེ་ལས་ཆང་འགྲངས་མི་ཚུ་ནུབ་མོར་ཆང་འགྲངས་ཏེ་ག་ནི་ཡང་མ་ཤེས་ཡར་ལུསཔ་ཨིན། 8 ༨ དེ་འབད་བ་ལས་ང་བཅས་མཚམས་ཏེ་སྡོད་དགོ་དེ་མ་ཚད་གོ་ཁྲབ་གྱོན་ཏེ་གསུངས་སྐྱོབ་སྦོ་དོ་བཟུམ་ང་བཅས་གི་ཡང་རང་ལུ་སྐྱབས་འབད་ནི་སྦེ་དད་པ་བསྐྱོད་དེ་བྱམས་པ་འབད་དགོ། དེ་ལས་ང་བཅས་ལུ་ཐར་པ་གནང་ནི་འབད་རེ་བ་བསྐྱོད་དགོ། 9 ༩ དཀོན་མཆོག་གི་ང་བཅས་ལུ་བཆོདཔ་གནང་གི་དོན་ལུ་མེན་ཡང་གཙོ་བོ་ཡི་ཤུ་ཁིརིས་ལས་སྦེ་ཐར་པ་གནང་ནི་གི་དོན་ལུ་གཏམ་ཁ་རྐྱབ་ནུག། 10 ༡༠ དེ་འབད་ནི་འདི་གི་ཁོ་ང་བཅས་གི་དོན་ལུ་ཤི་མི་འདི་ཡང་ན་སོན་པོ་འབད་སྡོད་ནི་དང་ཤི་འདི་རང་སྦེ་རུང་ཁོ་གཅིག་ཁར་སྡོད་ནི་དོན་ལུ་ཨིན། 11 ༡༡ ཨ་ནི་འབད་ནི་འདི་གི་གཅིག་གི་གཅིག་ལུ་སེམས་སོགས་འབད་ནི་འདི་ཚུ་འབད་འདི་རང་སྡོད། 12 ༡༢ དེ་འབདཝ་ལས་ཆ་རོགས་ཚུ་ང་བཅས་ཁྱོད་ཚུ་ལུ་སླབ་དགེ་ཁྱོད་ཚུ་གིས་ནང་ནང་ལཱ་འབད་མི་ལུ་ངོས་འཇིན་འབད་ན་དེ་ལས་ཏན་བརྡག་གཏང་ནང། 13 ༡༣ ཁོང་ཚུ་གིས་ལཱ་གིས་འབད་ནི་དེ་གིས་ཁོང་ཚུ་ལུ་བྱམས་གིས་ཐོགས་ལས་འབད་བལྟ་ནང། 14 ༡༤ ཁྱོད་ཚུ་ལུ་ང་བཅས་ནན་སྐུལ་འབད་དགེ་ཁ་མ་ཉན་མི་ལུ་བསླབ་བྱ་བྱིན་དམག་འཐབ་འགྱོ་མི་མི་ལུ་སེམས་ཤུགས་བྱིན་ཉམ་ཚུང་ལུ་ཆ་རོགས་འབད་དགོ་དེ་ལས་ག་ར་ལུ་བཟོན་པ་སྒོམ་ནང། 15 ༡༥ ག་གི་ཡང་ངན་པའི་ལཱ་འབད་མི་ལུ་ངན་པ་སྦེ་མ་བཅུགས་དེ་འབདཝ་ནང་རོགས་ལུ་ལེགས་ཤོམ་འབད་མི་གིས་རྟིང་བདག་དགོ། 16 ༡༦ དགའ་སྤྲོ་འབད། 17 ༡༧ དུས་ཨ་རྟ་ར་སྨན་ལམ་བསྟབ། 18 ༡༨ ག་ཅིག་འབད་རུང་དཀོན་མཆོག་ལུ་བཀའ་དྲིན་བསམ་གོ་ག་ཅིག་སྨོ་ཟེར་བ་ཅིན་འདི་དཀོན་མཆོག་གིས་སེམས་ལས་དངསཔ་ཨིན། 19 ༡༩ ཐུང་ཉི་ལུ་ངོམ་བྱེད་འབད་དགོ། 20 ༢༠ ལུང་སྟོན་ལུ་བཀོ་ནི་མི་འོང། 21 ༢༡ མཁོ་ཚས་ག་ར་བྱ་བ་སྦེ་དེ་འབདཝ་དང་ལས་ཤོམ་ལུ་རྐྱམ་ཅིག་འབད་དགོ། 22 ༢༢ སྡིག་པའི་ལཱ་ལས་སྤང་འདི་སྡོད་དགོ། 23 ༢༣ སྐྱིད་ཉམས་གྱི་དཀོན་མཆོག་གི་ཁྱོད་ཚ་ཁྱབ་ལུ་དམ་པ་བཟོ་དེ་ལས་དཀོན་མཆོག་ལོག་འོངམ་དང་དད་པ་ཅན་སྦེ་ཐོབ་བཅུགས། 24 ༢༤ ག་ཅི་ཡང་སྦེད་ཚུགས་མི་དཀོན་མཆོག་ལུ་བོ་མི་དད་པ་ཅན་ཨིན། 25 ༢༥ ཆ་རོགས་ཚུ་ང་བཅས་གིས་དོན་ལུ་ཡང་སྨན་ལམ་བསྟབ་ནང། 26 ༢༦ སྤུན་ཆ་ག་ར་ལུ་དཀུ་བཟུ་བཟམ་དཔོ་ཟེར་སླབ་དགོ། 27 ༢༧ དེ་ལས་ང་གིས་ག་ཅི་གི་མཚན་ནང་ཨ་ནི་ཡི་གུ་འདི་སྤུན་ཆ་ག་ར་ལུ་ཡང་ལྷག་སྟེ་བྱིན་ཟེར་དྲན་བསྐུལ་འབད་དོ། 28 ༢༨ ང་བཅས་ཀྱི་གཙོ་བོ་ཡི་ཤུ་ཀྱི་ཐུགས་རྗེ་འདི་ཁྱོད་དང་ཅིག་ཁར་བཞུགས་བཅུགས།