ལེའུ་༢

1 ༡ སྤུན་ཆ་ཚུ་ང་བཅས་ཁྱོད་ཚུ་དང་ཁྱེད་བ་འོང་མི་འདི་གོ་མ་ཆོད་པར་ཨིན་པར་ལེགས་ཞུམ་འབད་ར་ཡར་སོང་ཡི་ཟེར་ང་བཅས་ཚུ་གིས་ཤེས། 2 ༢ དེ་འབདཝ་ད་ང་བཅས་ཚུ་ཕི་ལི་པིན་ནང་འབྱོ་བའི་གནམ་དུས་ལུ་ཁོང་གིས་བཅས་ཚུ་ལུ་ལེགས་ཤུམ་མ་འབད། འདི་ཡི་གནང་དུས་ལུ་དཀོན་མཆོག་གིས་ང་བཅས་ལུ་སྙིང་སྟོབ་སྦོམ་འབད་གནང་བ་ལས་སྟོན་ང་བཅས་ཚུ་ཁྱོད་འདི་ཚུ་ལུ་གནས་ཚུལ་ལེགས་ཤུམ་བཤད་ཚུབ་ཅིག་ཨིན་རུང་ཁྱོད་ཚུ་གི་མི་ལ་ལུ་ཅིག་གིས་ང་བཅས་ཚུ་ལུ་རྒྱབ་གལ་སྦོམ་འབད་ར་འབད་ཡི། 3 ༣ ང་བཅས་ཀྱིས་གཏམ་བཤད་མི་ཚུ་འདི་འཛེལ་བ་དང་འདི་ཚུ་ཁྱོད་ཚུ་ལུ་ཤོབ་དང་མགུ་བསྐོར་རྐྱབ་རྐྱབ་མེད། 4 ༤ དེ་འབདཝ་ད་དཀོན་མཆོག་གི་ང་བཅས་ལུ་ཁོ་གི་གཏམ་བཤད་ནི་ལུ་འོས་འབབ་གནངམ་ལས་སྐྱབས་གྲོ་ལེན་དི་དོན་ལུ་ང་བཅས་ཚུ་གིས་ཁོ་གི་གཏམ་བཤདཔ་ཨིན་དེ་ཡང་ང་བཅས་ཀྱི་སེམས་ཁོ་གིས་བཅོ་ཁ་རྐྱབ་ཨིན། 5 ༥ ང་བཅས་ཚུ་ཁྱེད་ཚུ་ལུ་ཤ་མུ་སྐམ་དྲང་བ་འོངམ་ཡང་མེན་ང་བཅས་ཚུ་ཁྱེད་ཚུ་ལས་རྒྱུ་ནོར་གྱི་འདོད་ཆགས་དང་རེ་བ་སྐྱེལ་ཏེ་འོངམ་ཡང་མེན་དེ་ཡང་དཀོན་མཆོག་གིས་ཐུག་ཞི་མཁྱེན། 6 ༦ མི་ཚུ་དང་ཁྱེད་ལས་དགའ་སྤྲོ་ལེན་པ་ཡང་འོངམ་མེན་དེ་འབདཝ་ང་བཅས་ཁིརིས་གི་སྐུ་ཚབ་འབད་འོང་འོངམ་ཨིན། 7 ༧ ཨིན་རུང་ང་བཅས་ཁྱོད་ཚུ་དང་གཅིག་ཁར་ཨའི་མོ་རའི་ཨ་ལོ་ལུ་བདེ་ཆས་སྐྱེས་དོ་བཟུམ་ཆོས་མི་རིག་འབད་སྡོད་ཡི། 8 ༨ དེ་འབདཝ་ལས་ཧྟོན་ང་བཅས་ཁྱོད་ཚུ་ལུ་བཙེ་གདུང་སྐྱེལཝ་བཞིན་དུ་ང་བཅས་རའི་མི་ཚེད་དང་དཀོན་མཆོག་གི་གསུང་རབ་ཚུ་བཤད་བ་འོང་ཡི། དེ་ཡང་ཁྱོད་ཚུ་ང་བཅས་ཀྱི་བཙེན་ཅན་རྒྱུར་ཡོདཔ་ཨིན། 9 ༩ ང་བཅས་ཚུ་ཉི་མ་ལས་ཕྱི་རུ་ཚན་ཚད་ལཱ་འདི་བཟུམ་འབད་དགོ་པའི་དོན་དག་འདི་ང་བཅས་ཚུ་གིས་ཁྱོད་ཆ་ཁྱབ་དཀོན་མཆོག་གི་གསུང་རབ་མ་བཤད་པར་རྐོ་བཞག་ཞབས་འོང་ཟེར་འདི་བཟུམ་མི་ལཱ་འབདཝ་ཨིནམ་ཁྱེད་ཆ་གིས་མནོ་བསམ་གཏང། 10 ༡༠ ང་བཅས་ཀྱིས་དོད་པ་དང་བྱ་བ་ལེགས་ཤུམ་འབད་སྡོད་ཡོདཔ་མི་འདི་ཁྱོད་དང་དཀོན་མཆོག་གིས་མཁྱེན། 11 ༡༡ ཨ་པ་གི་ཁོ་རའི་ཨ་ལོ་ལུ་ག་དེ་སྦེ་འབད་དོ་བཟུམ་ང་བཅས་ཀྱིས་དེ་འབད་འབདཝ་ཁྱེད་ཀྱིས་ཤེས། 12 ༡༢ ཁྱོད་ལུ་ཨུ་ཚུགས་རྐྱབ་བཅུག་སེམས་ཤུགས་དང་ཤུགས་སྐུལ་འབད་བཅུགས་དེ་དཀོན་མཆོག་ལུ་ཁུངས་ལྡན་འབད་བཟོ་མི་འདི་དཀོན་མཆོག་གིས་ཁྱོད་ལུ་འབོ་དོ། 13 ༡༣ ང་བཅས་ཚུ་དཀོན་མཆོག་ལུ་ཨ་ཏ་ར་དཀའ་འདྲོན་གསམ་མི་འདི་ང་བཅས་ཀྱི་སླབ་མི་གསུང་རབ་འདི་མི་གིས་སླབ་མི་ཚིག་མེད་པར་དཀོན་མཆོག་ཁོ་ར་གསུང་གསུངམ་བཟུམ་རེད་པ་སྐྱེལ་ནི་འདི་གི་ཨིན། དེ་མ་ཚད་དཀོན་མཆོག་གིས་ང་བཅས་ཀྱི་སྦུག་ལུ་ཕྱག་ལཱ་མཛད་དེ་ར་ཡེད། 14 སྤུན་ཆ་ཁྱོད་ཚུ་གི་དོན་ལུ་དཀོན་མཆོག་གི་ཆོས་ཁང་ན་ཡི་ཤུ་ཁིརིས་ཀྱི་ཚན་ལུ་ང་བཅས་དཔེ་ལྟ་མི་འབད་ཡི། དེ་རུང་ཁྱེད་ཚུ་གི་དེན་ལུ་འཇུ་ཡིས་ནང་འབྱུང་ཡོདཔ་བཟུམ་ཁྱོད་རའི་མི་ཚུ་གིས་ང་བཅས་ལུ་དཀའ་སྡུག་མྱོང་བཅུག་ཡི། 15 ༡༥ ཙོ་བོ་ཡེ་ཤུ་དང་ལུང་སྟོན་པ་བསེག་མི་ཚུ་གིས་དཀོན་མཆོག་ལུ་ཡིད་མ་ཆོས་པར་མི་ཚུ་ལུ་ཡང་ཡིད་ཆོས་མ་བཅུགས་པས། 16 ༡༦ ཁོང་གི་ཆོས་མི་རིག་འདི་ཚུ་འཐར་པ་འཐོབ་ནི་གི་དོན་ལས་སླབ་ནི་འདི་སླབ་མ་ཏེ་ག་ཅི་འབད་སྨོ་ཁོང་ཁོང་ར་སྡིག་པ་གིས་གང་དེ་ཡོདཔ་ཨིན་པས། དེ་འབདཝ་ད་རྒྱུ་ལུ་དཀོན་མཆོག་གི་ཕྱིབ་འདི་ཁོང་གི་འཐོ་ཁ་འོང། 17 ༡༧ དེ་འབདཝ་ད་ང་བཅས་ཁྱོད་སྤུན་ཆ་ཚུ་དང་སྡུས་ཚན་ཚུང་ཀུ་གི་རིང་ལུ་ཁ་རྗེལ་ཏེ་བཞག་ཡི་ཨིན་རུང་སེམས་ལས་ཁ་རྗེལ་མ་ཚབས། དེ་འབདཝ་ད་ང་བཅས་ཁྱེད་ཚུ་དང་ཁྱེད་ནི་གི་རེ་འདོད་དང་འདོད་པ་སྦོ་འབད་སྡོད་ཡི། 18 ༡༨ ཨིན་རུང་ཡའུས་ང་ཁྱོད་ཚུ་དང་ཁྱེད་ནི་རེ་བ་སྡོད་ཡི་དེ་འབདཝ་ད་སེ་ཏཱན་གྱིས་དཀའ་རྐྱབ་ཅིག། 19 ༡༩ ང་བཅས་ཀྱིས་རེ་བ་དགའ་བ་དང་སེ་ར་འདི་ཡེ་ཤུ་ལོག་འབྱེན་ད་ག་ཅི་སྨོ་འ་ནི་འདི་ཁྱོད་ཚུ་མེན་ག། 20 ༢༠ དེ་འབདཝ་ལས་ཁྱོད་འདི་ང་བཅས་ཀྱིས་སྙན་གྲགས་དང་དགའ་བ་ཨིན།