ལེའུ ༢

1 ༡ ངེའི་ཨ་ལུ་འདི་ཚུ་ག་ར་ཁྱེད་ཀྱིས་སྡིག་པ་མ་འབད་ཟེར་བྲི་ནི་ཨིན། ཨིན་རུང་ག་འབད་རུང་སྡིད་པ་འབད་ཡི་ཟེར་བ་ཅིན་ང་བཅས་ལུ་ལྟ་ཞིབ་འབད་མི་ཡི་ཤུ་ཡབ་ཨ་པ་གི་ཁ་ཐོག་ལས་ཁོ་ར་བདེན་པ་འབད་ཞུ་ཨིནམ། 2 ༢ ཁོ་འདི་ང་བཅས་ཀྱི་སྡེད་པ་བཤགས་པ་འབད་མི་དང་ང་བཅས་ག་ར་གི་རྗུན་པ་ཚུ་ཕྲངམ་ཨིན། 3 ༣ ང་བཅས་ག་ར་གི་ཁོ་གི་ཚིག་དང་བཀའ་ཁྲིམ་ཚུ་སེམས་ཁར་བཞག་བར་ཅིན་ཁོ་ལུ་ལེགས་ཤོམ་འབད་ངོ་ཤེས་པའི་ངོ་རྟགས་ཨིན། 4 ༤ མི་ག་གི་ཁོ་གི་ཚིག་ཚུ་སེམས་ཁར་བཞག་བ་ཅིན་ཁོ་གི་བརྩེ་བ་འདི་བདེན་པ་འབད་ཡོད་ཨིནམ། 5 ༥ མི་ག་འབད་རུང་དཀོན་མཆོག་ལུ་ངོ་ཤེས་ཟེར་སླབ་ཏེ་དཀོན་མཆོགའི་བཀའ་ཚུ་སེམས་ནང་མེད་བ་ཅིན་དེ་ཚུ་ག་ར་ཤོབ་དང་ཁོ་ནང་བདེན་པ་མེདཔ་ཨིན། 6 ༦ མི་ག་འབད་རུང་དཀོན་མཆོག་ལུ་ངོ་ཤེས་ཟེར་སླབ་པ་ཅིན་ཁོ་དཀོན་དང་གཅིག་ཁར་ལམ་འགྲུལ་འབད་དགོ། 7 ༧ ངེ་དགའ་ཤོས་ང་གི་ཁྱོད་ཚུ་ལུ་བཀའ་རྒྱ་གསརཔ་བྲེ་བྲེཔ་མེན་དེ་འབདཝ་ད་བཀལ་རྒྱ་རྙིངམ་ཧེ་མ་ལས་ར་གོ་དེ་ཡོད་མི་ཚུ་ཨིན། 8 ༨ ད་ལྟོ་ཚུན་ང་གི་བཀའ་རྒྱ་གསརཔོ་ཚུ་ཁྱོད་ལུ་སླབ་དོ་ག་འདི་ངོ་མ་འབད་ཡི་ཤུ་དང་ཁྱོད་མཉམ་ཡོད། དེ་ལུ་བརྟེན་ཏེ་གནག་མདོག་ཚུ་ག་ར་ཡལ་འགྱུ་ནེ། བདེན་པ་འོད་ཟེརཧེ་མ་ལས་ཤར་འདི་ཡོད། 9 ༩ ག་འབད་རུང་ཁོ་འོད་ཟེར་ནང་ཡོད་ཟེར་སླབ་ཏེ་ཁོ་རའི་ཕོ་རྒནམ་ལུ་མི་དགའ་བ་ཅིན་ད་ཏོ་ཡང་ཁོ་གནག་མདོག་ནང་ཡོདཔ་ཨིན། 10 ༡༠ མི་ག་ར་འབད་རུང་རང་གི་སྤུན་ཆ་ལུ་དགའ་ཏེ་འོད་ཟེར་ནང་ལམ་འབྲིལ་འབད་མི་བར་ཆད་དང་འགོ་རྐྱེན་ཚུ་འོང་དགོཔའི་གནད་དོན་ག་ནི་ཡང་མེད། 11 ༡༡ དེ་འབདཝ་ད་ཁྱོད་ག་གི་རང་གྱི་སྤུན་ཆ་ལུ་མ་དགའ་མི་ཚུ་གནག་མདོག་ནང་ལམ་འབྲུལ་འབད་དོ་བཟུམ་འབད་ཁོ་ཁོ་ར་ལམ་འབྲུམ་ག་ཏེ་འབདཝ་ཨིན་ན་མ་ཤེསཔ་ལས་གནག་མདོག་གི་མིག་ཏོ་ཞརཝ་བཟོ་ནི་འདི་གི་ཨིན། 12 ༡༢ ང་གི་འདི་ཚུ་བྲི་དགོ་མི་དེ་དེ་གིས་སྦེ་ཁྱོད་ཀྱི་སྡེད་པ་ཚུ་ག་ར་ཡི་ཤུའི་ཚེན་ནང་ཤགས་པ་ཐོག་ཅི་ཟེར་ཨིན། 13 ༡༣ ང་གི་འདི་ཚུ་བྲི་དོ་ཡབ་ཨ་པ་ག་ཅི་འབད་ཟེར་བ་ཅིན་ཁྱོད་གི་ཧེ་མ་ལས་འོང་མི་དེ་ག་ཨིན་ན་དེ་ཤེས་དེ་ལས་ང་གི་ཁྱོད་གཞོནམ་ཚུ་ལུ་སླབ་དོ་དེ་གི་སྦེ་ཁྱོད་ཚུ་གི་ངན་པ་ལས་ག་ར་གྱལ་ཁ་ཐོབ་ཚུ། ང་གི་དེ་བྲེ་དགོཔ་མི་འདི་ཁྱོད་ཚུ་གི་ངེ་ཡབ་ཨ་པ་ལུ་ངོ་ཤེས་བཅུ་ནི་དོན་ལུ་ཨིན། 14 ༡༤ ང་གི་འབྲེ་ཏེ་ཡོད་ཡབ་ཨ་པ་དེ་འབདཝ་ལས་ཁྱོད་ཀྱི་ཧེ་མ་ལས་མི་ག་ཨིནམ་འོང་དེ་ཤེས་ད་གི་འབད་ཁྱོད་གཞོནམ་ཚུ་ལུ་བྲི་ཏེ་ཡོད་དེ་གི་འབད་ཁྱོད་སྟོབས་ཤུགས་ཅན་འབད་དཀོན་མཆོགའི་ཆས་གསུངས་ནང་སྡེདཔ་དེ་ངན་པ་ལས་འགྱུར་བཅད་འབད་ཚུགས། 15 ༡༥ འཇམ་གླིང་དང་གཅིག་ཁར་སེམས་མ་ཤོགས་དཔེར་ན་འཇམ་གླིང་ནང་ཡོད་མི་ཅ་ལ་ཚུ་དང་གཅིག་ཁར་སེམས་མ་ཤོགས། ཁྱོད་ག་གི་འབད་རུང་འཇམ་གླིང་ལུ་སེམས་ཤོགས་ཏེ་ཡོད་ཟེར་བ་ཅིན་ཡབ་ཀྱི་བརྩེ་བ་ཁྱོད་ལུ་མེདཔ་ཨིན། 16 ༡༦ འཇམ་གླིང་ནང་ཡོད་མི་ག་ར་ཅ་ལ་ཚུ་རང་གི་གཟུགས་ལུ་འདོད་ཆགས་དང་མིག་ཏོ་ལུ་འདོད་ཆགས་བསྐྱལ་མི་ཚུ་ཨིན། 17 ༡༧ འཇམ་གླིང་གི་འདོད་ཆགས་ཚུ་ག་ར་ཡུལ་འགྱོ་འོང་མ་གཏོགས་མི་ག་གི་འབད་རུ་དཀོན་མཆོགའི་རེ་འདུན་སྒྲུབ་མི་ཚུ་དུས་ཨ་རྟགས་ར་སྡོད་འོང། 18 ༡༨ ཨ་ལོ་ཧ་ནི་འདི་མཇུག་ཨིན་ད་རྟོད་ཁྱེད་ཀྱི་གོ་དོ་བཟུམ་ཡི་ཤུ་འཟིམ་པ་འོང་དོ། ད་ཡི་ཤུ་འཟིམ་པ་ཚུ་ལེ་ཤ་འོང་དེ་ཡོད། དེ་གི་འབད་དེ་མཇུག་ཨིན་ཟེར་ང་བཅས་ག་ར་གི་ཤེས་ད་གི། 19 ༡༩ ཁོང་ང་བཅས་ལས་འགྱི་ཡི། དེ་འབདཝ་ད་ཁོང་ང་བཅས་ལས་མེན། མ་ཞིག་ཁོང་ང་བཅས་ལས་ཨིན་པ་ཅིན་འགྱོ་ནི་རེམ་ད་ང་བཅས་ཀྱི་མེན་བཟུམ་ལྟབ་ཏེ་འགྱོཝ་ཡི། 20 ༢༠ དེ་འབདཝ་ལས་ཁྱོད་ལུ་བྱིན་རླབས་གནང་ཏེ་ཡོདཔ་ལས་ཁྱེད་ག་ར་གི་ཤེས། 21 ༢༡ ང་གི་ཁྱོད་ཚུ་ལུ་བདེན་པ་མ་ཤེསཔ་འབད་མི་བྲེས་དེ་གི་སྦེ་ཁྱེད་ག་ར་གི་ཤེས་ཤོབ་འདི་བདེན་པ་ལས་མེན། 22 ༢༢ ཤོབ་ཟེ་མི་དེ་ག་སྨོ ཡི་ཤུ་ལུ་སྡོད་པ་མ་བསྐྱལ་མི་ཚུ་ཨིན་ན་ཨ་ནི་མི་འདི་ཡི་ཤུ་འཟིམ་པ་ཚུ་ཨིན། ག་གི་འདི་ཡབ་ཨ་པ་དང་བུ་ལུ་མི་བདེན་ཟེར་སླབ་ཨིན། 23 ༢༣ མི་ག་གི་བུ་ལུ་་མི་བདེན་ཟེར་སླབ་མི་འདི་ན་ཡབ་ཨ་པ་ཡང་མེད་འོང། 24 ༢༤ ཁྱེད་ཀྱི་ཧེ་མ་ལས་ར་གོ་མི་ཚུ་སེམས་ཁར་བཞག། ཁྱོད་ཀྱི་སེ་མ་ལས་གོ་མི་ཚུ་ཨ་རྟག་ར་སེམས་ཁར་བཞག་ནི་ཟེར་བ་ཅིན་ཁྱེད་དང་གཅིག་ཁར་བུ་དང་ཡབ་ཨ་པ་ཡང་སྡོདཔ་ཨིནམ། 25 ༢༥ ཁོ་གི་ང་བཅས་ལུ་ཁས་བླང་འབད་མི་འདི་ཚེ་ཐག་མེད་བའི་ཚེ་འདི་ཨིན། 26 ༢༦ ང་གི་དེ་ཚུ་ག་ར་ཁྱོད་ལམ་འཛེལ་མི་ཚུ་ལུ་སྟོན་ནི་དོན་ལུ་ཨིན། 27 ༢༧ ཁྱོད་ག་ལུ་བྱིན་རླབ་ཡོད་ཟེར་བ་ཅིན་ཁྱོད་ལུ་སྟོན་པ་ག་ཡང་མི་དགོ། དེ་འབདཝ་ད་ཁོ་གི་བྱིན་རླབས་གི་འབད་ཁྱོད་ལུ་ག་ར་བདེན་པ་དང་རྗུན་པ་ཚུ་ག་ར་རང་བཞིན་གི་འབད་སྟོནམ་ཨིནམ། 28 ༢༨ ད་ཨ་ལོ་ཁྱེད་ཚུ་ག་ར་ཁོ་དང་གཅིག་ཁར་སྡོད་ཏེ་ཁོ་ལོག་བྱོནམ་ད་ལུ་ཁོ་གི་ཀུ་དོན་ལུ་ངོ་ཚ་ག་ནི་ཡང་མེད་པ་སྙིང་སྟོབས་ཅན་སྦེ་ང་བཅས་ཀྱི་ཕྱད་ཚུགས། 29 ༢༩ ག་དེམ་ཅིག་སྦེ་ཁྱེད་ཀྱི་ཁོ་བདེན་ཟེར་བ་ཅིན་མི་ག་ར་བདེན་པ་འབད་མི་ཚུ་ཁོ་ལས་ཨིནམ་ཟེར་ཤེསཔ་ཨིནམ།